| | e-texts navigator
|
136b1 རོལ་ཏུ་ཕྱིན་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུས་དེ་ཉིད་ཀྱང་མི་དམིགས་ཏེ།གང་ལ་ཆོས་དེ་དག་སོ་སོའི་སྐྱེ་བོའི་ཆོས་ཤེས་བརྗོད་པ་འམ།སློབ་པའི་ཆོས་ཤེས་བརྗོད་པ་འམ།
136b2 མེ་སློབ་པོའི་ཆོས་ཤེས་བརྗེད་པ་འམ།རང་སངས་རྒྱས་ཀྱི་ཆོས་ཤེས་བརྗོད་པ་འམ།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཤེས་བརྗོད་པ་ཡང་མཐའ་ལས་འདས་པའི་ཆོས་ཉིད་ལགས
136b3 པས་ཆོས་དྲི་མི་དམིགས་ཤིང་།ཡང་དག་པར་རྗེ་སུ་མི་མཐོང་བའི་སླདུའོ།།བཅོམ་ལྡན་འདས་དེ་ལྟར་བསྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་ཤེས་རབ་ཀྱི
136b4 ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་ནི་འདི་ལྟར་འདི་ནི་འདོད་པའི་ཁམས་སོ།།འདི་ནི་གཟུགས་ཀྱི་ཁམས་སོ།།འདི་ནི་གཟུགས་མེད་པའི་ཁམསོ་ཞེས་བགྱི་བ
136b5 ནས་འདི་ན་འགགོ་པའི་དབྱིངས་ཞེས་བགྱི་བའི་བར་དུ་ཡང་མི་ཤེསོ།།དེ་ཅིའི་སླད་ཞེ་ན།བཅོམ་ལྡན་འདས་འདི་ལྟར་དེས་འགོག་པའི་ཆོས་གང་ལགས་པའི་ཆོས་དེ་གང་ཡང་མི་མཐོང་སྟེ
136b6 བཅོམ་ལྡན་འདས་དེ་ལྟརོ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་རིག་པར་བགྱིའོ།།བཅོམ་ལྡན་འདས་གཞན་ཡང་གང་ཆོས་གྲང་ལ་ཡང་ཕན་པ་འམ་གནོད་པ་མི་བགྱིད་པ་དེ
136b7 ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས།།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་ཡང་མ་ལགས།ས་སོའི
iiif viewer powered by OpenSeadragon
136a - 137a