| | e-texts navigator
|
136a1 ཀྱི་ཆོས་རྣམས་ནི་བླ་ན་མ་མཆིས་པ་ལགསོ།།དེ་ཅིའི་སླད་ཞེ་ན།བཅོམ་ལྡན་འདས་འདི་ལྟར་དེ་དག་ལ་ཆོས་ཅུང་ཟད་ཙམ་ཡང་མ་མཆིས་ཤིང་མི་དམིགས་ཏེ།དེ་བས་ནས
136a2 ཀྱི་ཆོས་དེ་དག་ནི་བླ་ན་མ་མཆིས་པའོ།།བཅོམ་ལྡན་འདས་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་པར་ཡང་མི་བགྱིད་ལ།སོ་སོའི་སྐྱེ་བོའི་ཆོས་རྣམས་སྤོང་བར་ཡང་མི་བགྱིད་ཅིང་།
136a3 སངས་རྒྱས་ཀྱི་ཆོས་རྣམས་འདུལ་བ་ཡང་མ་ལགས་ལ་འཛིན་པའང་མ་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་གཞན་ཡང་ཆོས་གང་ལ་ཡང་མི
136a4 སེམས་ལ་རྣམ་པར་མི་རིག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡི་སེམས
136a5 སམ།འཇམ་དཔལ་གྱིས་གསལ་པ།བཅོམ་ལྡན་འདས་གལ་ཏེ་བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་གྲུབ་པར་མཐོང་ན་ནི།བདག་སངས་རྒྱས་ཀྱི་ཆོས་རྣམས་ལ
136a6 སེམས་ལགས།།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས།།འདི་དག་ནི་ཉན་ཐོས་ཀྱི་ཆོསོ།།འདི་དག་ནི་རང་སངས་རྒྱས་ཀྱི་ཆོས།།
136a7 འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོསོ་ཞེས་ཆོས་གང་ལ་ཡང་རྣམ་པར་རྟོག་པས་ཉེ་བར་གནས་པ་མ་ལགསོ།།དེ་ཅིའི་སླད་ཞེ་ན།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ
iiif viewer powered by OpenSeadragon
135b - 136b