e-texts navigator
Collection
Volume
Page
Wylie

135b1 ཐ་མ་ཞེས་མི་རྟོག་ག།དེ་ཅིའི་སློད་ཞེ་ན།བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ལ་མཆོག་གམ་ཐ་མ་ཞེས་བགྱི་བ་གང་ཡང་མ་མཆིས་པའི་སླངའོ།།དེ་བཞིན་ཉིད་དང་།ཡང་དག་པའི་མཐའ་དང་།།
135b2 ཆོས་ཐམས་ཅད་ཀྱི་བར་ལ་ཡང་མཆོག་གམ་ཐ་མ་མ་མཆིས་ཏེ།།དེ་ལྟར་བསྐམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས
135b3 དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་མཆོག་མ་ཡིན་ནམ།འཇམ་དཔལ་གྱིས་གསོལ་པ།བཅོམ་ལྡན་འདས་གཟུང་དུ་མ
135b4 མཆིས་པའི་སླད་སངས་རྒྱས་ཀྱི་ཆོས་རྣམས་ནི་མཆོག་ལགསོ།།བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པ་ལགས་སམ།།
135b5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་དེ་དེ་བཞིན་ཏེ།དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པར་མངོན་པར་རྫོགས་པར་སངས་རྒྱས།།འཇམ་དཔལ་གྱིས
135b6 གསོལ་པ།བཅོམ་ལྡན་འདས་སྟོང་པ་ཉིད་ལ་མཆོག་གམ་ཐ་མ་ཞེས་བགྱི་བ་མཆིས་ལགས་སམ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་ལེགསོ་ལེག་སོ།།
135b7 འཇམ་དཔལ་དེ་དེ་བཞིན་ཏེ།ཇི་སྐད་སྨྲས་པ་བཞི་ནོ།།འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་བླ་ན་མེད་པ་མ་ཡིན་ནམ།འཇམ་དཔལ་གྱིས་གསོལ་པ།དེ་དེ་ལྟ་ལེགས་ཏེ།སངྱས




iiif viewer powered by OpenSeadragon

135a - 136a

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo