e-texts navigator
Collection
Volume
Page
Wylie

135a1 བ་མ་མཆིས་པ་ལ་འགྲིབ་པ་དང་འཕེལ་བ་མ་མཆིས་པའི་སླད་དུའོ།།བཅོམ་ལྡན་འདས་གང་དེ་ལྟར་བསྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལག་སོ།།བཅོམ་ལྡན
135a2 འདས་གང་ཆོས་གང་ཡང་སྐྱེ་བ་འམ།འགག་པར་མི་བགྱིད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་གསོ།།བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ་པ་འམ།རྒྱས་པར་མི་བགྱིད།
135a3 པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་ཏེ།བཅོམ་ལྡན་འདས་གང་དེ་ལྟར་བསྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་གཞན་ཡང་བསམ
135a4 གྱིས་མི་ཁྱབ་པའི་ཆོས་ལ་ཡང་མི་སྨོན་ཅིང་ཉི་ཚེ་བ་ལ་མི་སྨྱོན་གྱི།བཅོམ་ལྡན་འདས་གང་ལ་སྨོན་པ་དང་གང་གིས་སྨོན་པོ་དེ་ཉིད་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ
135a5 ཏོཏེ།བཅོམ་ལྡན་འདས་དེ་ལྟར་བསྒྲིམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་འདི་ལྟར་ཆོས་འདི་དག་ནི་མཆོག།
135a6 ཆོས་འདི་དག་ནི་ཐ་མའོ།།ཞེས་བགྱི་བར་ཉེ་བར་མི་གནས་ཤིང་།ཆོས་གང་དག་མཆོག་དང་ཐ་མར་འགྱུར་བའི་ཆོས་དེ་དག་ཀྱང་མི་དམིགས་ཏེ།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
135a7 པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་ན་ཆོས་ཐམས་ཅད་མི་དམིགས།།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཆོས་གང་ཡང་མཆོག་ཅེས་བྱ་བ་འོ།




iiif viewer powered by OpenSeadragon

134b - 135b

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo