| | e-texts navigator
|
134b1 འམ་འབྲི་བ་མཆིས་ན།དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་ཏེ།བཅོམ་ལྡན་འདས་གང་ཆོས་གང་ཡང་ཆོས་འགའ་ཞིག་འཕེལ་བའི་སླདུ་འམ།འབྲི་བའི་སླདདུ་ཉེ་བར་གནས
134b2 པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་པར་རིག་པར་བགྱིའོ།།བཅོམ་ལྡན་འདས་གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་སྤོང་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་ལེན་པ
134b3 དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ལགསོ།།དེ་ཅིའི་སླད་ཞེ་ན།བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཆོས་གང་སྤང་བ་འམ་བླང་བར་དམིགས་པས
134b4 ཆོས་གང་ལ་ཡང་མི་གནས་པའི་སླདུའོ།།བཅོམ་ལྡན་འདས་ལ་གང་འཁོར་བའི་སྐྱོན་དུ་ཡང་མི་མཆི་ཞིང་།མྱ་ངན་ལས་འདས་པའི་ཡོན་ཏན་དུ་ཡང་མ་མཆི་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ
134b5 ཕྱིན་པ་བསྒོམ་པ་ལགསོ།།དེ་ཅིའི་སླདདུ་ཞེ་ན།བཅོམ་ལྡན་འདས་འདི་ལྟར་འཁོར་བ་ཉིད་ཀྱང་མི་མཐོང་ན་འཁོར་བའི་སྐྱོན་ལྟ་སྨོས་ཀྱང་མི་འཚལ།མྱ་ངན་ལས་འདས་པ་ཉིད་ཀྱང་མི་དམ
134b6 ན་མྱ་ངན་ལས་འདས་པའི་སྟོན་ལྟ་སྨོས་ཀྱང་ཅི་འཚལ་ཏེ།བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་བླང་བའམ་བཟུང་པོ་འམ་དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ
134b7 ལོག་སོ།།བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ་པ་དང་འཕེལ་བ་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགསོ།།དེ་ཅིའི་ཕྱིར་ཞེ་ན།བཅོམ་ལྡན་འདས་སྐྱེ།
iiif viewer powered by OpenSeadragon
134a - 135a