| | e-texts navigator
|
133b1 ཉིདབུལ་འདིས་ནས་སྨྲའོ།།བརྫུན་པ་ཤཱ་རདྭ་ཏིའི་བུ་གང་གི་ཚེ་སེམས་ཙན་ཤིན་ཏུ་མི་དམིགས་པ་དེའི་ཚེ་སུ་ནིག་མངོན་པར་རྫོགས་པར་འཚང་རྒྱུ།སུ་ལཱ་ཆོས་བསྟན་པར་བྱ།དེ་ཅིའི་ཕྱིར་ན་ན།།
133b2 བཙུན་པ་ཤཱ་རི་དྭ་ཏིའི་བུ་འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པའི་ཕྱིརརོ།།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེསཾ་བཀའ་སྩལ་ཏེ།།འཛུམ
133b3 དཔལ་གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པ་དེའི་ཚེ།ཅི་སེམས་ཅན་དུའང་འདོགས་སམ།ཡང་གལ་ཏེ་འཇམ་དཔལ་ཁྱོད་ལ་འགའ་ཞིག་སེམས་ཅན་ཇི་སྙེད་ཡོ་ཅེས་དེ་སྐད་འདྲིན།
133b4 དེ་ལ་ཁྱོད་ཀྱིས་ཇི་སྐད་བྱ།འཇམ་དཔལ་གྱིས་གསོལ་པ།བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་སྙེད་དོ་ཞེས་བགྱིའོ།།བཅོམ་ལྡན་འདས
133b5 གལ་ཏེ་ཡང་སེམས་ཅན་གྱི་ཁམས་ཀྱི་ཚད་ཇི་ཙམ་ཞེས་འདྲི་ན་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སངས་རྒྱས་ཀྱི་ཡུལ་གྱི་ཚད་ཇི་ཙམ་པ་དེ་ཙམ་མོ་ཞེས་བགྱིའོ།།བཅོམ་ལྡན་འདས
133b6 ཀྱིས་བཀའ་སྩལ་པ།འཇམ་དཔལ་ཁྱེད་ལ་གལ་ཏེ་ཡང་ལ་ལ་ཞིག་འདི་སྐད་དུ་སེམས་ཅནི་གྱི་ཁམས་གང་དུ་གཏོགས་ཤེས་འདྲི་ན་ད་ལྔ་ཁྱེད་ཀྱིས་ཇི་སྐད་བྱ།འཇམ་དཔལ་གྱིས་གས
133b7 པ།བཅོམ་ལྡན་འདས་དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སྐྱེ་བ་མེད་པ་བསམ་གྱིས་མི་ཁྱབ་པ་གང་དུ་གཏོགས་པར་གཏོག་སོ་ཞེས་བགྱིའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
iiif viewer powered by OpenSeadragon
133a - 134a