| | e-texts navigator
|
131b1 ད་།བསྟོན་བཀུར་བགྱི་བའི་སླད་ཐམས་ཅད་ཀྱི་ཐོག་མ་ཉིད་རང་གི་གནས་ནས་བྱུང་སྟེ།དེ་བཞིན་གཤེགས་པའི་ཕོ་བྲང་ག་ཡ་བ་དང་མཆིས་ནས།ཕྱོགས་གཅིག་ཏུ་མཆིས།།དེ་ཅིའི་སླདུན་ན།།
131b2 བཅོམ་ལྡན་འདས་འདི་ལྟར་བདག་ནི་དེ་བཞིན་གཤེགས་པ་ལཾ་བལྟ་བ་དང་།ཕྱག་བགྱི་བ་དང་།བསྙེན་བཀུར་བགྱི་བས་མ་ངོམས་པའི་སླ་དུ།བཅོམ་ལྡན་འདས་འདི་ལྟར་བདག་དེ་ན
131b3 གཤེགས་པ་ལ་བལྟ་བ་དང་།ཕྱག་བགྱི་བ་དང་།བསྙེན་བཀུར་བགྱི་བའི་སླད་མཆིས་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླ་དུ་སྟེ།བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ
131b4 ལ་བལྟ་ང་དང་།ཕྱག་བགྱི་བ་དང་།བསྙེན་བཀུར་བགྱི་ན།ཇི་ལྟར་བདག་གིས་མཐོང་བ་དང་།ཇི་ལྟར་ཕྱག་བགྱི་བ་དང་།བདགེ་བསྙེན་བཀུར་བགྱིད་པའོ།།དེ་ལྟར་ཕྱག་བགྱིའོ།།
131b5 དེ་ལྟར་བསྙེན་བཀུར་བགྱིའོ།།དེ་ལྟར་ན་དེ་བཞིན་གཤེགས་པ་མཐོང་བ་ནས་བསྙེན་བཀུར་བགྱིས་པའི་བར་དུ་འགྱུར།།བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ཀྱི་སླད་དེ་བཞིན
131b6 གཤེགས་པ་ལ་བལྟ་བ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་དེ་བཞིན་གཤེགས་པ་ལ་ཇི་ལྟར་བལྟ།འཇམ་དཔལ་གྱིས་གསོལ་པོ།མི
131b7 དམིགས་པའི་ཚུལ་གྱིས།དེ་བཞིན་ཉིད་ཀྱི་རྣམ་པ་དང་།རྣམ་པར་མི་རྟོག་པའི་རྣམ་པར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ།།དེ་བཞིན་གཤེགས་པ་ལ་མི་སྐྱེ་བའི་རྣང
iiif viewer powered by OpenSeadragon
131a - 132a