e-texts navigator
Collection
Volume
Page
Wylie

131a1 ཏུ་འཛོ་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་འོངས་ཤིང་ལྷགས་ཏེ་འདུས་པར་མཁྱེན་ནས་བདག་གི་ཕོ་བྲང་ནས་བྱུང་སྟེ།ཕོ་བྲང་གི་ཕྱི་རོལ་གྱིས་ཕྱོགས་གཅིག་ཏུ
131a2 གདན་གཏིང་བ་ལ་བཞུགསོ།།བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏཱིའི་བུ་ལ་བཀའ་སྩལ་པ།ཤཱ་ར་དྭ་ཏིའི་བུ་ཁྱོད་ཅིའི་ཕྱིར་ཞོགས་པས་འོངས
131a3 ཏེ།དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོ་ན་འདུག།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས
131a4 ཐམས་ཅད་ཀྱི་ཐོག་མ་ཉིད་དུ་འཇམ་དཔལ་གཞོན་ནུར་གྱུར་པ།དེ་བཞིན་གཤེགས་པའི་ཕོ་བྲང་གི་ཆེ་བ་སྒོར་མཆིས།།བདག་ནི་བཅོམ་ལྡན་འདས་ལ་བལྟ་བར་འཚལ་པའི་སླདདུ་སླད་ཀྱིས་མཆི
131a5 སོ།།དེ་ནས་།བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་བལྟ་བ་དང་།ཕྱག་བྱ་བ་དང་།བསྙེན
131a6 བཀུར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐོག་མོ་ཉིད་དུ་དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོ་ན་འདུག་པ་བདུན་ནམ།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན
131a7 གྱུར་པས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་དེ་ལྟ་ལགས།བདེ་བར་གཤེགས་པ་དེ་དེ་ལྟ་ལེགས་ཏེ།བདག་དེ་བཞིན་གཤེགས་པ་ལ་བལྟ་བ་དང་།ཕྱག་བགྱི་བ




iiif viewer powered by OpenSeadragon

130b - 131b

Texts on this page

N15 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo