| | e-texts navigator
|
130b1 མེད་ཟས་སྦྱིན་གྱི་ཀུན་དགའ་ར་བྱ་ན།དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགསོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགྲོས་པ་ས་ཡ་ཐད
130b2 ཀྱང་བླ་ན་མོད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་ལ་འདི་ལྟ་སྟེ།འཇམ་དཔལ་གཞོན་ནུར་གྱུར་པ་དང་།བྱམས་པ་དང་།སྤོངས་པ་ཐོགས་མེད་དང་།བརྩོན་པ
130b3 མི་འདོར་བ་དང་།དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་དེང་ཡང་ཐབས་གཅིག།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་དེནྡན་གཤེགས་པ་ལ་བལྟ་བ་དང་།ཕྱག་བྱ་བ་དང་།བསྟན
130b4 ཀུར་བྱ་བའི་ཕྱིར་སྐྱེར་དུ་ཤར་བའི་དུས་ཀྱི་ཚེ་རང་གི་གནས་ནས་བྱུང་སྟེ།དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་།ཕོ་བྲང་གི་སྒོའི་ཕྱི་རོལ་ཏུ་འདུག།དེ་ནས
130b5 ཆེད་དང་ལྡན་པོ་ཤཱ་རོ་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་ལ་བལྟ་བྱ་དང་།ཕྱག་བྱ་བ་དང་།བསྙེན་བཀུར་བྱ་བའི་ཕྱིར་རང་གི་གནས་ནས་བྱུང་སྟེ།དེ་བཞིན་གཤེགས་པའི་ཕོ་བྲང་ག་ལ་བ་དེར་སོང
130b6 དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་།ཚེ་དང་ལྡན་པ་མཽད་དགལ་གྱི་བུ་ཆེན་པོ་དང་།ཚེ་དང་ལྗོན་པ་འོད་སྲུང་ཆེན་པོ་དང་།ཚེ་དང་ལྡན་པ་ཀ་ཏྱཱ་ཡའི་བུ་ཆེན་པོ་དང་།ཚེ་དང་ལྡན་པ་གསུས
130b7 པོ་ཆེ་དང་།དེ་དག་ཐམས་ཅད་དང་།གཞན་ཡང་ཉན་ཐོས་ཆེན་པོ་རྣམས་རང་རང་གི་གནས་ནས་བྱུང་སྟེ།བཅོམ་ལྡན་འདས་ཀྱི་ཕོ་བྲང་གེ་ལ་བ་དེར་སོང་ནས་ཕྱིན་པ་དང་།ཕྱོགས་གཅི
iiif viewer powered by OpenSeadragon
130a - 131a