| | e-texts navigator
|
81b1 བདུན་པ་ལ་ག་ར་ཛ~ཾ་དང་བ་ནི་ཛ~ཾ་མོ། །བརྒྱད་པའི་ཕྱེད་སྔ་མ་ལ་བིཥྚིའོ། །བརྒྱད་པའི་ཕྱེད་ཕྱི་མ་ལ་བ་བ~ཾ་མོ། །དགུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་བ~ཾ་དང་ཀཽ་ལ་བ~ཾ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལ~ཾ་དང་ག་ར་ཛ~ཾ་མོ། །
81b2 བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛ~ཾ་དང་བིཥྚིའོ། །སླར་ཡང་བཅུ་གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་བ~ཾ་དང་བཱ་ལ་བ~ཾ་མོ། །བཅུ་གསུམ་པ་ལ་ཀཽ་ལ་བ~ཾ་དང་ཏཻ་ཏི་ལ~ཾ་མོ། །བཅུ་བཞི་པ་ལ་ག་ར་ཛ~ཾ་དང་བ་ནི་ཛ~ཾ་མོ། །
81b3 ཟླ་བ་ཉ་བའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བ་བ~ཾ་མོ། །ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་བ~ཾ་དང་ཀཽ་ལ་བ~ཾ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལ~ཾ་དང་ག་ར་ཛ~ཾ་མོ། །གསུམ་པའི་ཕྱེད་སྔ་མ
81b4 དང་ཕྱི་མ་ལ་བ་ནི་ཛ~ཾ་དང་བིཥྚིའོ། །དེ་བཞིན་དུ་བཞི་པ་ལ་བ་བ~ཾ་དང་བཱ་ལ་བ~ཾ་མོ། །ལྔ་པ་ལ་ཀཽ་ལ་བ~ཾ་དང་ཏཻ་ཏི་ལ~ཾ་མོ། །དྲུག་པ་ལ་ག་ར་ཛ~ཾ་དང་བ་ནི་ཛ~ཾ་མོ། །བདུན་པའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བ་བ~ཾ་མོ། །བརྒྱད
81b5 པ་ལ་བཱ་ལ་བ~ཾ་དང་ཀཽ་ལ་བ~ཾ་མོ། །དགུ་པ་ལ་ཏཻ་ཏི་ལ~ཾ་དང་ག་ར་ཛ~ཾ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛ~ཾ་དང་བིཥྚིའོ། །དེ་བཞིན་དུ་བཅུ་གཅིག་པ་ལ་བ་བ~ཾ་དང་བཱ་ལ་བ~ཾ་མོ། །བཅུ་གཉིས་པ་ལ་ཀཽ་ལ་བ~ཾ་དང་ཏཻ་ཏི་ལ~ཾ་མོ། །བཅུ་གསུམ
81b6 པ་ལ་ག་ར་ཛ~ཾ་དང་བ་ནི་ཛ~ཾ་མོ། །བཅུ་བཞིའི་ཕྱེད་སྔ་མ་ལ་བིཥྚི་སྟེ་བྱེད་པ་བདུན་ཡོངས་སུ་ལོངས་སྤྱོད་དོ། །དེ་ནས་ནག་པོའི་བཅུ་བཞིའི་ཕྱེད་ཕྱི་མ་ལ་ཤ་ཀུ་ནིའོ། །གནམ་སྟོང་གི་ཕྱེད་སྔ་མ་ལ་རྐང་བཞིའོ། །ཕྱེད་ཕྱི་མ་ལ་ཀླུའོ། །
81b7 དཀར་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ཀི~ཾ་སྟུ་གྷྣ~ཾ་ངོ་། །ཕྱེད་ཕྱི་མ་ལ་སླར་ཡང་བ་བ~ཾ་མོ། །དེ་ལྟར་ན་བྱེད་པ་བཅུ་གཅིག་སྟེ་ཡན་ལག་ལྔའི་རིམ་པའོ། །ཐ་སྐར་དང་བྲའ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ། །དེ་བཞིན་དུ
81b8 རྐང་པ་དགུ་དགུ་ནི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། །མིག་དམར་དང་པ་བ་སངས་དང་གཟའ་ལག་དང་ཟླ་བ་དང་ཉི་མ་དང་གཟའ་ལྷག་དང་པ་བ་སངས་དང་ས་སྐྱེས་དང་བླ་མ་དང་སྤེན་པ་དང་ཉི་མའི་བུ་དང་།
81b9 འ་ཁྱོག་པོར་འགྱུར་བ་དང་ཁ་འམ་གསང་བ་འམ་བཤང་ལམ་དག་ལས་ཁྲག་འཛག་པར་འགྱུར་བ་ཏེ་འདི་འདྲ་བའི་མཚན་ཉིད་མཐོང་ནས་ཡུལ་དེ་ལ་མཆོད་པ་བྱ་བ་མིན་ཏེ་གལ་ཏེ་བྱེད་ན་དེའི་ཚེ་སྔགས་པ་རྨོངས་པ་རྣམས་ཆགས
81b10 པ་ལས་ཆུང་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་དེ་ནི་འཆི་བར་འགྱུར་ཏེ་ངེས་པར་ལྷ་དང་མི་དང་ལག་འགྲོ་རྣམས་ཀྱིས་བསྲུང་བར་ནུས་པ་མིན་པའི་ཕྱིར་རོ། །འཆི་བའི་མཚན་མའི་ངེས་པའོ། །ད་ནི་དཀྱིལ
81b11 འ་ཁོར་ལ་མཆོད་པ་བྱས་པས་བདེ་བ་བྱེད་པ་གསུངས་པ་ཀླུ་ཞེས་པ་ལ་སོགས་པ་སྟེ་འདིར་ཀླུ་ལ་སོགས་པ་རྣམས་ཀྱིས་གཟིར་བ་རྣམས་ནི་ཀླུ་ལ་སོགས་པ་རྣམས་འཆད་པར་འགྱུར་བའི་དཀྱིལ་འཁོར་ལ་མཆོད་པར
81b12 བྱས་པས་བདེ་བ་བྱེད་པར་འགྱུར་རོ། །འདི་དག་གིས་མཚན་ཉིད་དུ་མ་འབྱུང་པོའི་རྒྱུད་ལས་བརྗོད་པ་ཤེས་པར་བྱ་བ་དག་ནི་འདི་ཉིད་དུ་འཆད་པར་འགྱུར་བའི་ཕྱག་རྒྱ་བཅིང་པ་ལས་ཇི་སྙེད་ཅིག་གོ། ད་ནི་མ་རུངས་པ་རྣམས
81b13 མཆོད་པའི་དོན་དུ་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་གནས་གསུངས་པ་མ་རུངས་པ་རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་མ་རུངས་པ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་ནི་གྲོང་གི་ཕྱི་རོལ་དུ་འགྱུར་རོ། །དེ་ཉིད་དུ
81b14 ཤིང་གཅིག་གི་གནས་དང་དུར་ཁྲོད་དང་ནི་ལྷ་མཆོག་ཁང་པ་དག་གམ་སྟེ་ལྷ་ཁང་སྟོང་པ་དང་ཆུ་བོ་འདུས་པ་རྣམས་སུའོ། །ཁྲུ་གང་དག་གམ་གཉིས་དང་བཞི་ཞེས་པ་ནི་འདིར་འབྱོར་པ་དང་རྗེས་སུ་འཚམ་པར་དཀྱིལ
81b15 འཁོར་ཁྲུ་གཅིག་པ་འམ་ཁྲུ་གཉིས་པ་འམ་ཁྲུ་བཞི་པ་ནས་བརྩམས་ཏེ་ཁྲུ་སྟོང་པ་ཇི་སྲིད་པ་དེ་སྲིད་དུ་སློབ་དཔོན་གྱིས་བྲི་བར་བྱའོ། །དགུ་དང་བཅུ་གསུམ་མི་བདག་ཅེས་པ་ནི་འདིར་ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི
81b16 ཚད་ནི་ཁྲུ་གཅིག་གོ། བཅུ་གསུམ་རྣམས་ཀྱི་ཁྲུ་གཉིས་སོ། །མི་བདག་ཅེས་པ་བཅུ་དྲུག་རྣམས་ཀྱི་ཁྲུ་བཞིའོ་ཞེས་པ་ནས་བརྩམས་ཏེ་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་རྣམས་ཀྱི་ཁྲུ་སྟོང་གི་མཐར་ཐུག་པར་བྲི་བར་བྱ་སྟེ
81b17 གདན་རྣམས་ནི་བསེའི་ལྤགས་པ་དང་སྟག་གི་ལྤགས་པ་དང་དོམ་གྱི་ལྤགས་པ་དང་ནེའུ་ལེའི་ལྤགས་པ་དང་འབྲིའི་ལྤགས་པ་དང་ཅེ་སྤྱང་གི་ལྤགས་པ་དང་སྲམ་གྱི་ལྤགས་པ་དང་བྱི་ལའི་ལྤགས་པ་རྣམས་སོ། །དེ་ནས་ཟླུམ་སྐོར
81b18 ལ་ང་པ་དུར་ཁྲོད་ཀྱི་གནས་ལ་ཤར་དུ་ཀླ་ཀློ་མ་དང་ལྷོ་རུ་འཕྱག་པ་མོ་དང་ནུབ་ཏུ་གཏུམ་མོ་དང་བྱང་དུ་སྟག་གཟིག་མ་དང་མེར་བསྙོན་ཐབས་མ་དང་བདེན་བྲལ་དུ་རོ་སྲེག་མ་དང་རླུང་དུ་བྷིལླཱི་དང་དབང་ལྡན་དུ་རི་ཁྲོད་མ་སྟེ་རབ་གཏུམ་མ
81b19 བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་གོ་དྷཱའི་ལྤགས་པ་དང་བྱི་བའི་ལྤགས་པ་དང་སཱ་ལ་ཛཱ་ཏ་ཀའི་ལྤགས་པ་དང་སྤྲེའུའི་ལྤགས་པ་དང་རི་བོང་གི་ལྤགས་པ་དང་གཟུངས་མོ་བྱི་དུར་གྱི་ལྤགས་པ་དང་ཨཱི་ཤུ་ཀ་པ་ཤུའི
81b20 ལྤགས་པ་དང་རྩངས་པའི་ལྤགས་པ་རྣམས་སོ། །ལྤགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་ལྤགས་པ་དང་ལྷོ་དང་བདེན་བྲལ་དུ་རྟའི་ལྤགས་པ་དང་ནུབ་དང་རླུང་དུ་གླང་པོའི་ལྤགས་པ་དང་བྱང་དང་དབང་ལྡན་དུ་བ་ལང་གི་ལྤགས
81b21 པ་སྟེ་དབུས་སུ་མིའི་ལྤགས་པའོ། །དེ་ལྟར་གདན་རྣམས་བཀོད་ནས་རྣལ་འབྱོར་མ་རྣམས་བཞུགས་སུ་གསོལ་བར་བྱའོ། །ལྤགས་པ་འདི་རྣམས་ཀྱི་སྡེར་སྦྱིན་པར་བྱ་སྟེ་དེ་བཞིན་དུ་སྐྱོགས་རྣམས་ནི་ཤར་དུ་ཉ་ཕྱིས་ཀྱི་སྣོད་ཏེ
81b22 མེ་རུ་ཡང་དེ་བཞིན་ནོ། །ལྷོ་དང་བདེན་བྲལ་དུ་ནཱ་རི་ཀེ་ལའི་སྐྱོགས་དང་ནུབ་དང་རླུང་དུ་ཁམ་ཕོར་དང་བྱང་དང་དབང་ལྡན་དུ་མིའི་ཐོད་པ་དང་དབུས་སུ་ཤིང་གི་སྣོད་དོ། །དེ་ནས་ཆང་ལ་སོགས་པ་ཕུལ་ནས་བཟའ་བ་དང་བཅའ
81b23 བ་ལ་སོགས་པ་སྒྲོན་མ་དང་བཅས་པ་འཆང་བར་འགྱུར་བ་ཆུ་དང་མཆོད་ཡོན་ལ་སོགས་པ་རྣམ་པ་བཅུ་པོ་ཕུལ་ཏེ་མཎ་ཌལ་བྱས་ནས་སློབ་མས་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་ཏུ་མཆོད་པའི་རྫས་དབུལ་བར་བྱའོ། །དེ་ལྟར་ན
81b24 ཚོགས་ཀྱི་འཁོར་ལོ་ལ་གནས་དང་རིགས་ངེས་པའོ། །དེ་ནས་ལེའུ་ལྔ་པ་ལས་གསུངས་པའི་ཆོ་གས་ཀུན་དུ་སྤྱོད་པ་དང་འཁྲིག་པ་ཡང་བྱའོ། །ཀུན་དུ་སྤྱོད་པ་དེ་ལ་ཤེས་རབ་ཡུམ་གྱི་ནང་ནས་ཚོགས་ཀྱི་གཙོ་མོ་དེ་ནི་མཆོག
81b25 དེ་ཉིད་མངོན་པར་འདོད་པས་ཨནྡྷ་ཀ་བསད་པར་གྱུར་ཏོ། །ནག་པོ་བརྩེགས་པ་བྱུང་བ་དེ་ཉིད་ནི་བདེན་པ་མ་ཡིན་ཏེ་རྒྱལ་པོ་སྟོབས་ལྡན་གྱི་དུས་སུ་ནག་པོ་བརྩེགས་པའི་དུག་ཟོས་པའི་ཕྱིར་སྔར་དབང་ཕྱུག་མགྲིན་སྔོན་མ་ཡིན་པར་འགྱུར་རོ། །
81b26 དེ་བཞིན་དུ་ས་སྲུང་དང་མཐོར་ཐོས་དང་དཔལ་མོ་དང་ཀཽསྟུ་བྷ་དང་བདུད་རྩི་རྣམས་བྱུང་བ་དེ་ཉིད་ནི་བདེན་པ་མ་ཡིན་ཏེ་གང་གིས་ན་ཨནྡྷ་ཀའི་གཡུལ་ལ་ལྷ་ཐམས་ཅད་རང་རང་གི་མཚན་མ་དང་རང་རང་གི་བཞོན་པ་ལ་གནས་ཞེས་པའོ། །ཅི་སྟེ
81b27 དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ་དུར་བཱ་ས་ཡིས་དམོད་པ་བཏབ་པས་དབང་པོའི་འབྱོར་པ་རྒྱ་མཚོར་ཞུགས་སོ་ཞེ་ན། དེ་ཉིད་ནི་བདེན་པ་མ་ཡིན་ཏེ་དབང་པོའི་དམོད་པས་ལྷ་གཞན་རྣམས་ཀྱི་འབྱོར་པ་ཉམས་པར་མི་འགྱུར་རོ། །དེ་ལྟར་བརྗོད
81b28 པའི་རིམ་པས་ལོ་རྒྱུས་ཀྱི་ཆོས་ཐམས་ཅད་བརྫུན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་བརྒྱ་བརྒྱད་བཅུ་རྩ་གཉིས་པས་ལོ་རྒྱུས་ཀྱི་ཆོས་རྣམས་བརྫུན་པར་གསུངས་པ་འདི་ལྟ་སྟེ། དཔལ་མོ་མཐོར
81b29 ཐོས་ལྷ་ཡི་ལྗོན་པ་གླང་པོའི་བདག་དང་ལྷ་མོ་ཀཽསྟུ་བྷ་དང་ཟླ་བ་དང་། བདུད་རྩི་སྟོབས་ལྡན་རྒྱལ་སྲིད་དུས་སུ་ཆུ་གཏེར་བསྲུབ་ལས་ལྷ་ཡུལ་མཁའ་ལ་གལ་ཏེ་བྱུང་གྱུར་ན། །ན་དྷ་ཀ་ཉིད་རྒྱལ་སྲིད་ལ་ནི་ཟླ་བ་མེད་པས་གཟའ་ཚེས
81b30 དུས་ཀྱི་ཚོགས་ཀྱང་མེད་པར་འགྱུར། །དེ་ཡང་དབང་ཕྱུག་ཟླ་ཕྱེད་ལ་ཆགས་པ་སད་པར་གྱུར་ཏེ་སྟོབས་ལྡན་དེ་ནི་དེ་ཡི་ཕྱི་ནས་སོ་ཞེས་པ་སྟེ་རིགས་པ་འདིས་རྣམ་པར་དཔྱད་ན་འཇིག་རྟེན་གྱི་ལོ་རྒྱུས་རྣམས་ནི་མི་བདེན་ནོ། །ཅི་སྟེ་ཚངས
81b31 པའི་དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ་འདིར་སྔོན་དུ་རིག་བྱེད་ཀྱི་ཆོས་ནི་ལྷན་ཅིག་སྐྱེས་པ་སྟེ་ཕྱི་ནས་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་ནི་བཅོས་མའོ། །དེའི་ཕྱིར་རིག་བྱེད་ཀྱི་ཆོས་ནི་ཕུ་བོའོ་ཞེ་ན། དེ་ཉིད་བརྗོད་པར་བྱ་སྟེ
81b32 རིག་བྱེད་ཀྱི་ཆོས་ཕུ་བོ་དང་ཕྱི་ནས་ཐམས་ཅད་མཁྱེན་པའི་ཆོས་ཡིན་དུ་ཆུག་མོད་འདི་ལ་འགལ་བ་ཅི་ཞིག་ཡོད། སྔོན་དུ་མུན་པ་ཆེན་པོ་ལྷན་ཅིག་སྐྱེས་པ་ལམ་ཐམས་ཅད་གསལ་བར་བྱེད་པ་མ་ཡིན་པ་དང་ཕྱི་ནས་དེ་གཞོམ་པའི
iiif viewer powered by OpenSeadragon
81a - 82a