| | e-texts navigator
|
20b1 དམིགས་པ་ནི་དྲུག་པ་ལ་སོགས་པ་ཚེས་ལྔའོ། །དམིགས་པ་མེད་པ་ནི་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་སྟེ་ཉའི་མཐར་ཐུག་པའོ། །ཉའི་མཐའ་དང་ནག་པོའི་ཚེས་གཅིག་འཇུག་པ་དང་པོའི་དབུས་སུ་སྙིང་རྗེ
20b2 བཅུ་དྲུག་པའོ། །འདི་དག་གཅིག་པ་ཉིད་ནི་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་སྟེ་དེའི་རྗོད་པར་བྱེད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང
20b3 བསྐུར་བ་ཞེས་པ་ལ་རེ་ཤིག་འཇིག་རྟེན་པ་ནི་ཆུ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དྲིལ་བུ་དང་། བརྟུལ་ཞུགས་ཆེན་པོ་དང་། མིང་དང་། རྗེས་སུ་གནང་བ་དང་། བུམ་པ་དང་། གསང་བ་དང་། ཤེས
20b4 རབ་ཡེ་ཤེས་ཏེ་མངལ་ནས་སྐྱེས་པ་རྣམས་ཀྱི་འཇིག་རྟེན་ཀུན་རྫོབ་ཀྱི་དབང་བཅུ་ནི་ལུས་དང་ངག་དང་སེམས་དང་ཡེ་ཤེས་དང་ཁམས་དང་ཕུང་པོ་དང་། སྐྱེ་མཆེད་དང་ལས་ཀྱི་དབང་པོ་ལ་སོགས་པ་ཡོངས་སུ་དག་པར་བྱ་བའོ། །འཇིག
20b5 ར་ཏེན་ལས་འདས་པ་བཅུ་གཅིག་པ་ནི་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་ངེས་པས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་མཚན་ཉིད་བླ་མའི་ཞལ་ལས་ལུས་དང་ངག་ལ་སོགས་པ་སྒྲིབ་པ་མེད་པ་ཉིད་ཀྱིས་སྦྱོང་བར་བྱེད
20b6 པའོ། །ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་པ་ལ་ལས་ཀྱི་ཕྱག་རྒྱ་ནི་ནུ་མ་དང་སྐྲར་ལྡན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའོ། །ཕྱག་རྒྱ་ཆེན་མོ་ནི་རྣམ
20b7 པར་རྟོག་པ་དང་བྲལ་བ་པྲ་ཕབ་པའི་རང་བཞིན་ཅན་ནོ། །འདི་རྣམས་ཀྱི་དངོས་གྲུབ་ནི་རྣམ་པ་གསུམ་སྟེ། འདོད་པ་ན་སྤྱོད་པ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ། །གཟུགས་ཀྱི་སྲིད་པའི་དངོས་པོའི་མཚན་ཉིད་ནི་ཡེ
20b8 ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ། །དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྐུ་བཞི་ལ་སོགས་པ་འདི་དག་གི་འཇིག་རྟེན་དང་འཇིག
20b9 དེ་ལ་སྲོག་ནི་སྟེང་དུ་འབབ་བོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་བོ། །མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལའོ། །
20b10 ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །རྩངས་པ་ནི་རླུང་གི་འདབ་མར་རྩ་ཨ་ལ~ཾ་བུ་ཤ་ལའོ། །
20b11 ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨི་ཌ་ལའོ། །ནོར་ལས་རྒྱལ་བ་ནི་དབང་ལྡན་གྱི་འདབ་མ་ལ་རྩ་ཀུ་ཧཱ་ལའོ། །སྲོག་ནི་རྩ་སུ་ཤུམྣ་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི
20b12 སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ་ཞེས་པ་དེ་ལྟར་རླུང་རྣམ་པ་བཅུ་ནི་རྩའི་འཁོར་ལོ་ལ་ལས་ཀྱི་དབྱེ་བས་ཡང་དག་པར་གནས་སོ། །སྲོག་ལ་སོགས་པ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་བཅུ་རྩ
20b13 གཉིས་པོ་རྣམས་ལ་ཁྱབ་པ་སྟེ་འོན་ཀྱང་གནས་བརྒྱད་ལ་སྐྱེས་པ་བརྒྱད་དོ། །དུང་ཅན་མཐའ་ཡས་ཨི་ཌ་ལ་སོགས་རང་གི་སྙིང་ཁའི་པད་མ་རྩ་ཡི་འཁོར་ལོ་མཐའ་དག་གོ་ཞེས་པ་མཉམ་གནས་ལ་སོགས
20b14 པ་རྣམས་ཀྱི་སྐྱེ་བའི་གནས་ཏེ་སྙིང་ཁའི་འཁོར་ལོའི་ངེས་པའོ། །ད་ནི་སྲོག་ཅེས་པ་ལ་སོགས་པས་སྲོག་ལ་སོགས་པའི་བྱ་བ་གསུངས་ཏེ་འདིར་ལུས་ལ་སྲོག་གིས་སྲོག་སྟེ་སྟོབས་བྱེད་དོ། །ཉི་མ
20b15 ཟླ་བའི་ལམ་ན་གནས་པར་གྱུར་པ་ན་སྟེ་ཉི་མའི་ལམ་ནི་དམར་སེར་རམ་ར་ས་ནཱའོ། །ཟླ་བའི་ལམ་ནི་ཨི་ཌ་འམ་ལ་ལ་ནཱ་སྟེ་དེའི་ལམ་ལ་གནས་པ་ནི་གནས་པའོ། །ཀྱང་ནི་ཚིག་ཕྲད་ཀྱི་དོན་ཏོ། །བཟའ
20b16 དང་བཏུང་བ་མ་ལུས་པ་ནི་རོ་དྲུག་ཟོས་པ་དང་ཆུ་ལ་སོགས་པ་འཐུངས་པ་སྟེ་དེ་དག་མ་ལུས་པ་ཐུར་སེལ་གྱི་རླུང་གིས་འོག་ཏུ་འདྲེན་ཏེ་ཞེས་པ་ནི་ལུང་ངོ་། །མཐའ་དག་རོ་མཉམ་སྟེ་མཚུངས་པའི་རོའི་བར་དུ
20b17 སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ། ། །། འདིར་ནི་སྲོག་གི་ཀུན་སྤྱོད་དག་ལས་གསུང་གི་རྡོ་རྗེ་དཀྱིལ་འཁོར་བཅུའི་བདག་ཉིད་ཏེ། །སྟོང་པ་ལ་སོགས་དབྱེ་བ་དབྱངས་ཀྱི་རང་བཞིན་ཅན་ལས་རྟག་ཏུ་གནས་ལྔ་ལ
20b18 གནས་ཤིང་། །སྲིད་པའི་འཇིགས་ལས་སེམས་ཅན་རྣམས་ཀྱི་ལྷག་པར་མོས་པས་དམ་པའི་ལམ་ནི་སྟོན་བྱེད་པ། །འདི་ཡི་སྐྱེད་པ་འཇམ་པའི་དཔལ་གྱིས་གསུངས་པ་རྒྱས་འགྲེལ་གྱིས་ནི་རྣམ་པར་རྒྱས་པར་བྱ། །ཧོཿཡིག་ཅེས་པ་ལ་སོགས
20b19 པ་ཨ་ནི་འདིར་མིའི་འཇིག་རྟེན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་སྲོག་གི་རླུང་བསྐྱེད་པའི་སླད་དུ་རང་གི་དཀྱིལ་འཁོར་འབབ་པ་ས་ལ་སོགས་པའི་ཁམས་རྣམས་ཀྱིས་རྨི་ལམ་གྱི་གནས་སྐབས་སུ་ཞུགས་པའི་རྣམ་པར་ཤེས་པ་ལ་སད་པའི་གནས
20b20 སྐབས་ཀྱི་དོན་དུ་སྐུལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་དོན་གྱི་སླད་དུ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་རིག་པར་བྱའོ། །འདིར་ལྷ་ལ་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ཏཱིའི་ལམ་དུ་ཧོ་ཡིག་ཐོག་མ་ཐ་མར་བཀོད་དེ་དེ་ནས་དཔྲལ་བར་སྐུ་རྡོ
20b21 རྗེ་ཨོཾ་དང་མགྲིན་པར་གསུང་རྡོ་རྗེ་ཨཱཿདང་སྙིང་ཁར་ཐུགས་རྡོ་རྗེ་ཧུ~ཾ་སྟེ་དེ་ལྟར་སྐུ་གསུང་ཐུགས་ལས་ཡང་དག་པར་བྱུང་བ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་མཚན་ཉིད་དོ། །དུས་ཀྱི་མེས་འོག་དང་སྟེང་ནས་ཤེས་རབ་ཀྱི་འོད་ཟེར་གྱིས་ཞུ་བ་སྟེ་ཤེས་རབ་ཆགས་པས
20b22 ཞུ་བ་ཞེས་པ་ལ་ཤེས་རབ་ནི་གཏུམ་མོ་སྟེ་དེས་ཞུ་བའོ། །འདིར་བསྐུལ་བ་རྣམ་པ་གཉིས་ཏེ་གཅིག་ནི་སྲོག་རྫོགས་པའི་སླད་དུ་ཡིན་ལ་གཉིས་པ་ནི་ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པའི་སླད་དུའོ། །དེས་ན་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ
20b23 ཞུ་བ་བཞིན་བལྟས་ནས་ཡང་ཡིག་གིས་ཤེས་རབ་ཀྱང་སྟེ་ཤེས་རབ་དང་བཅས་པའི་ཐུགས་དང་ཡེ་ཤེས་རྡོ་རྗེ་ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་ལ་རྟེན་པའོ། །ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །
20b24 བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །འདིར་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཅན་སྒྲོལ་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྤྱན་མ་སྟེ་ལྷ་མོ་རྣམས་ཀྱིས
20b25 ས་ཀྱེས་པ་ཁྲོ་བོའི་རྒྱལ་པོ་རྣམས་དང་གཟུགས་དང་གཟུགས་མེད་པ་དང་ཕྱོགས་སྐྱོང་བཅུ་དང་གཟའ་དང་ཀླུ་དང་འབྱུང་པོ་སྟེ་སྡེ་པ་དྲུག་གི་བདག་ཉིད་སྲུང་ཞིང་སྐྱོང་བ་རྣམས་ནི་ནང་དང་ཕྱི་རོལ་ནས་ཡང་དག་པར་སྦྱར་བའི་སྦྱོར་བས་དགོད
20b26 པར་བྱའོ། །ས་དང་ཆུ་ལས་བྱུང་བ་རྣམས་ནི་ལས་ཀྱི་ཁམས་སྲུང་བར་བྱེད་པའོ། །མེ་དང་རླུང་གི་ཁམས་ལས་བྱུང་བ་རྣམས་ནི་ངག་གི་ཁམས་སྲུང་བར་བྱེད་པའོ། །སྟོང་པ་དང་ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་རྣམས་ནི་ཐམས
20b27 ཅད་དུ་སེམས་ཀྱི་ཁམས་སྲུང་བར་བྱེད་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་དེ་ནས་བླ་མའི་ངེས་པ་དང་ལྡན་གང་ཞིག་ཅུང་ཟད་འདོད་པ་སྒྲུབ་པོ་པ་ཡིས་བསྒྲུབ་པར་བྱ་ཞེས་པ་ནི་ངེས་པའོ། །ད་ནི་ཁྲོ་བོ་ལ་སོགས་པ་འདི
20b28 རྣམས་སོ་སོའི་གཏོར་མའི་སྔགས་ཀྱི་ཚིགས་སུ་འགྱུར་བ་འདི་ལྟ་སྟེ། ཨོཾ་ཨཱཿཧུ~ཾ་ཧོ། །ུཥྞཱི་ཥ། སུམ་བྷ་ནི་སུམ་བྷ། བིགྷྣཱན་ཏ་ཀ་།ནི་ལ་དཎ་ཌ། པྲ་ཛྙཱ་ན་ཏ་ཀ་།ཊཀ་ཀི་རཱ་ཛཱ་པད་མཱ་ཏ་ཀ་། ཙ་ལ་ཡ་མཱན་ཏ་ཀ་།མ་ཧཱ་བ་ལེ
20b29 བྷྱཿས་པ་རི་ཝཱ་རེ་བྷྱཿི་དཾ་བ་ལིཾ། གན་དྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ། ས་པ་རི་ཝཱ་རཱཿཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀ་ཧྞན་ཏུ། ཁཱ་དན་ཏུ། པི་ཝན་ཏུ། ཛ་ཧཱུ~ཾ་བ~ཾ་ཧོཿསཾ་ཏྲྀ་པ་ཏཱཿསརྦ་སཏྭཱ་ནཱཾ། ཤཱནྟིཾ།
20b30 པུཥྚིཾ། རཀྵཱ་བ་ར་ཎ། གུཔ་ཏིཾ། ཀུརྦ་ན་ཏུ། ཧུ~ཾ་ཧཱུ~ཾ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་པ་ནི་ཁྲོ་བོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །དེ་བཞིན་དུ་ཟད་པར་ནམ་མཁའ་ལ་སོགས་པ་གྲུབ་པ་རྣམས་ཀྱི་གཏོར་མའི་སྔགས
20b31 ཀྱི་ཚིག་རྣམས་ནི་ཨོཾ་ཨཱཿཧཱུ~ཾ་ཧོ། །ཱ་ཀཱ་ཤ་།བཱ་ཡུ་ཏི་ཛ། ཨུ་ད་ཀ་།པྲི་ཐ+Wཱི་སཱ་དྷི་ཏེ་བྷྱཿས་པ་རི་ཝཱ་རེ་བྷྱཿི་དཾ། བ་ལིཾ། གན་དྷཾ། པུཥྤཾ། དྷཱུ་པཾ། དཱི་བཾ། ཨཀྵ་ཏ། ད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ། ས་པ་རི་ཝཱ་རཱཿཤཱི་གྷྲཾ། ཨི་དཾ
20b32 བ་ལིཾ་གྲྀ་ཧྞན་ཏུ། ཁ་དན་ཏུ། པི་བན་ཏུ། ཛཿཧཱུ~ཾ་བ~ཾ་ཧོཿསཾ་ཏྲྀཔྟཱཿསརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵཱ་བ་ར་ཎ། གུཔ་ཏིཾ། ཀུརྦ་ན་ཏུ། ཧུ~ཾ་ཧཱུ~ཾ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མའི
20b33 ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་རླུང་ལའོ། །ོཾ་བཱ་ཡུ་མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཎཱ་བཛྲེ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །དེ་ནས་འཁྲིག་པ་ལ་ཨོཾ་ཏེ་ཛོ་མཎ་ཌ་ལ
20b34 ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཎ་བཛྲེ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ོཾ་ཨུ་ད་ཀ་མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་དྡྷི་བཛྲེ་ཊླཱྀ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་རླུང་ལའོ། །
20b35 ཨོཾ་པྲི་ཐྭཱི་མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྷྀ་བཛྲེ་ཐཱུ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་མེ་ལའོ། །ོཾ་ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཋུ་བཛྲེ་ཌྼ;ཱྀ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་ཆུ་ལའོ། །ོཾ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཊླྀ་བཛྲེ་ཌྷཱྀ་བཛྲ་ཧུ~ཾ་ཧཱུ~ཾ
20b36 ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་ཀར་ཀ་ཊའི་དུས་སྦྱོར་ལ་ཨོཾ་ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པླཱྀ་བཛྲེ་བྷི་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །
20b37 ཨོཾ་ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཕཱུ་བཛྲ་བྼ;ྀ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་ཆུ་ལའོ། །ོཾ་བཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྼ;ྀ་བཛྲེ་ཕུ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་མེ་ལའོ། །ོཾ་ཙིཏ་ཏ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷཱི་བཛྲེ་པླྀ་བཛྲ
20b38 ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་རླུང་ལའོ། །ོཾ་པཉྩ་སྐན་དྷ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མཱ་བཛྲེ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །སེང་གེ་ལ་ཨོཾ་པཉྩ
20b39 དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མ་བཛྲེ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ོཾ་པཉྩ་ན་ཏྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷི་བཛྲེ་བླཱྀ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ
20b40 ཅེས་པ་རླུང་ལའོ། །ོཾ་པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྼ;་བཛྲེ་ཕཱུ་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཅེས་བ་མེ་ལའོ། །ོཾ་པཉྩ་ཀརྨེན་དྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཕུ་བཛྲེ་བྼ;ཱྀ་བཛྲ་ཧུ~ཾ
iiif viewer powered by OpenSeadragon
20a - 21a