| | e-texts navigator
|
38a1 ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་དགོད་པས་ཀུན་དུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན། ཁམས་གསུམ་པ་འཇིགས་པར་བྱེད་པ།
38a2 ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དན་ནི་ལཱམ་བ་ར་དྷ་ར་ཤ་རི་ར~ཾ། བཛྲ་པཱ་ཎི
38a3 ཧྲི་ད་ཡ~ཾ། ཡཿས་མཱ་ཏི་ཀྲཱ་མཱ་ཏི། ཨུད་སཱ་ད་ན~ཾ་བྷ་བི་ཤུ་ཏི། ཏདྱ་ཐཱ། བུད་དྷ་བུད་དྷ། བི་བུད་དྷ། མ་ཧི་པྲ་བ་ཏ། ཧ་ར་ཧ་ར་ནཱ་ག་ནཱ~ཾ། པྲ་ཧ་ར་པྲ་ཧ་ར་ནཱ། བ་ནཱ~ཾ། ཚིན་ད་ཚིན་ད་ནཱ་ས་ཧྲི་ད་ཡཱ་ནི། བྷིན་དྷ་བྷིན་དྷ་ནཱ་ག་ད་མ་ནི། བི་སི་མ་དྷ་ནཱ་ག་ཤ་རི་ར~ཾ། བིསྥོ་ཊ
38a4 ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི། ཏདྱ་ཐཱ། ཧཱུ~ཾ་ཕཊ། ནཱ་ག་བི་ད་ར་ནཱ་ཡ་ཕཊ། ནཱ་གོད་ས་ད་ནཱ་ཡ་ཕཊ། ནཱི་ལཱ~ཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱན་ཏཱ་ཡ་ཕཊ། ཀྲི་ཏཱན་ཏ་རཱུ་པ་ཡ་ཕཊ། རོ་ཥ་ཎ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུསྨཎ
38a5 ཏོད་ས་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཨཀྵ་ཨ་བསྨ་ར་བི་ན་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷན་བིན་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུ~ཾ་ས~ཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི
38a6 ལཱམ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་བཟློག་པར་འདོད་ན་སྨག་ཤད་ཀྱི་ལྕུག་མ་འམ། བལ་པོའི་སེའུའི་ལྕུག་མས་བྱའོ། །ཡི་དགས་དང་།
38a7 རྗེད་བྱེད་རྣམས་ལ་སྐུད་པས་བྱའོ། །རིམས་ནད་མེད་པར་བྱ་བ་དང་། གཞོག་ཕྱེད་ན་བ་དང་། ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་ན་ཞག་གཅིག་བསྙུང་བར་འདུག་སྟེ་པོག་ཕོར་གྱིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི
38a8 དོན་ཐམས་ཅད་སྟོན་ལ་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ། །རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་དཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི་མར་སྙིང་བ་འམ། ཐལ་བ
iiif viewer powered by OpenSeadragon
37b - 38b