e-texts navigator
Collection
Volume
Page
Wylie

233b1 འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེ། །
233b2 ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷ་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག་།སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི
233b3 བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་གྲུབ་གྱུར་ཅིག་།རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག་།རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག་།ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག་།ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག་།
233b4 ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མ་གུང་ལ་འང་བདེ་ལེགས་ཤོག་།ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག་།ཁྱེད་ཅག་སྡིག་པར་མ་གྱུར་ཅིག་།སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས
233b5 ལྡན་པ་རྣམས་བྱེར་ཅིག་། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་གཏོང་གྱུར་ཅིག་།སེམས་ཅན་ཀུན
233b6 དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག་།ཐམས་ཅད་ནད་རྣམས་མེད་པར་ཤོག་།ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག་།གང་ཡང་སྡིག་པར་མ་གྱུར་ཅིག་།འབྱུང་པོ་གང་དག་འདིར་ནི་ལྷགས
233b7 གྱུར་ཅིང་། །ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག་།ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག་།དེ་སྐད་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ཏེ།
233b8 བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐེམ་པ་ལ་རྐང་པ་བཞག་ནས་གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས




iiif viewer powered by OpenSeadragon

233a - 234a

Texts on this page

J990 - 'phags pa yangs pa'i grong khyer du 'jug pa'i mdo chen po