e-texts navigator
Collection
Volume
Page
Wylie

226b1 ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་ཚོགས་ཀྱི་བདག་པོ་ཚོགས་ཀྱི་དབང་ཕྱུག་གི་སྙིང་པོ་འཛིན་ན་དེའི་ལས་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་བཟུང་བས་དགོངས་པ་འགྲུབ་ཅིང་གསང་སྔགས་ཐམས་ཅད་ཀྱང་དངོས་གྲུབ
226b2 ཏུ་འགྱུར་རོ། །ཏདྱ་ཐཱ། ན་མོསྟུ་ཏེ་མ་ཧཱ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཀ་ཊ་ཀ་ཊ། མ་ཊ་མ་ཊ། ད་ར་ད་ར། བི་ད་ར། བི་ད་ར། ཧ་ན་ཧ་ན། གྲྀཧྣ་གྲྀཧྣ། དྷཱ་བ་དྷཱ་བ། བྷ~ཾ་ཛ་བྷ~ཾ་ཛ། སྟ~ཾ་བྷ་སྟ~ཾ་བྷ། ཛ~ཾ་བྷ་ཛ~ཾ་བྷ། མོ་ཧ་མོ་ཧ། དེ་ཧི་དེ་ཧི། དཱ་པ་ཡ་དཱ་པ་ཡ།
226b3 དྷཱ་ན་དྷཱ་ནྱ་སིད་དྷི~ཾ་མེ་པྲ་ཡཙྪ་ས་མ་ཡ་མ་ནུ་སྨ་ར་མ་ཧཱ་རུ་ཏྲ་བ་ཙ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏུ་རུ་ཏུ་རུ་སྭཱ་ཧཱ། ཨོཾ་མུ་རུ་མུ་རུ་སྭཱ་ཧཱ། པཱ་པ་ཤཱནྟི་བ་སུ་པུཥྚི་ཀུ་རུ་སྭཱ་ཧཱ། ཨང་གུ་ཏ་བིན་དུ་ཀྵུ་བྷི་ཏ་ཙི་ཏ་མ་ཧཱ་བི་དཱ་རཿ་ས་མ་གཙྪ་ཏི
226b4 མ་ཧཱ་བ་ཡ། མ་ཧཱ་བ་ལ། མ་ཧཱ་བ་ར་ཀྲ། མ་ཧཱ་ཧསྟི། མ་ཧཱ་དཀྵི་ཎི་ཡ་པྲ་ཙི་ད་ཡ་མི་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ཨོཾ་ག་ག་ག་ག་ག་ག་ག་གཿ། ཨོཾ་ན་མོ་ན་མ་སྭཱ་ཧཱ། ཀུན་དགའ་བོ་རིགས་ཀྱི་བུ་འམ།
226b5 རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་ཚོགས་ཀྱི་བདག་པོ་ཚོགས་ཀྱི་དབང་ཕྱུག་གི་སྙིང་པོ་འདི་རྩོམ་ཞིང་གསང་སྔགས་སྒྲུབ་པ། དཀོན་མཆོག་གསུམ་མཆོད་དུ་ཡུལ་གཞན
226b6 དུ་འགྲོ་འམ། རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མེ་ཏོག་དང་བདུག་པས་མཆོད་པ་བྱས་ཏེ། ཚོགས་ཀྱི་བདག་པོའི་སྙིང་པོ་འདི་བཀླགས་ན་ལས་ཐམས་ཅད་འགྲུབ་ཀྱིས་འདི་ལ་ཐེ་ཚོམ་མ་ཟ་ཞིག་།
226b7 འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་དང་། ཡུལ་འཁྲུགས་པ་ཐམས་ཅད་ཀྱི་ནང་དུ་ཡང་དྲན་པར་བྱས་ན་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་ནང་པར་ལངས་ནས་ཚིག་ཏུ་བཏོན་ན་ཐོས་པ་འཛིན་པར་འགྱུར་རོ། །གནོད
226b8 སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱིས་མདངས་འཕྲོག་པར་མི་འགྱུར་ཞིང་ཐག་རིང་པོར་ཡོངས་སུ་སྤོང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་།




iiif viewer powered by OpenSeadragon

226a - 227a

Texts on this page

J982 - 'phags pa tshogs kyi bdag po'i snying po