e-texts navigator
Collection
Volume
Page
Wylie

208b1 དབང་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཡང་དག་པར་སྐུལ་ལོ། །ཁྱབ་འཇུག་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་ཕྲེང་བ་ཅན་ལ་ཡང་དག་པར་སྐུལ་ལོ། །
208b2 དྲག་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་གཟི་ཅན་ལ་ཡང་དག་པར་སྐུལ་ལོ། །དྲང་སྲོང་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་སྐྲག་འབྲོས་བྱེད་ལ་ཡང་དག་པར་སྐུལ་ལོ། །
208b3 ལྷའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། །ཀླུ་ཐམས་ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་རབ་འཇོམས་ལ་ཡང་དག་པར་སྐུལ་ལོ། །
208b4 གནོད་སྦྱིན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཡང་དག་པར་སྐུལ་ལོ། །སྲིན་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། གོང་མ་གོང་མ་ཐམས་ཅད་ཀྱི་བདེན་པས་ཆར་རབ
208b5 ཏུ་ཕོབ་ཤིག་ཆར་ཕོབ་ཤིག་། མ་འཕྱི་བར་ཚུར་ཤེག་ཚུར་ཤེག་།ཀྱེ་ཀྱེ་ཀླུ་ཆེན་པོ་དག་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར་སྐུལ་ལོ་ཀུན་ནས་དྲང་ངོ་། །ས་ར་ས་ར། ཧཱ་ཧཱ། དྷུ་མ་དྷུ་མ། ཧཱ་ཧཱ་ཧཱ་ཧཱ། ཧི་ཧི་ཧི་ཧི། ཨེ་ཧྱེ་ཧི། ཐ་ཐ་ཐ། ཙ་ཙ་ཙ་ར་ཏ། ཞིང་ཐམས
208b6 ཅད་ཀུན་གང་བར་གྱིས་ཤིག་། འབྲུ་ཐམས་ཅད་ཀྱི་ཆར་ཕོབ་ཤིག་།རླུང་ཆེན་པོ་རབ་ཏུ་ཐོང་ཤིག་།དྲཱུ~ཾ་དྲཱུ~ཾ། །གྷུང་གྷུང་། པ+འུ་མ་པ+འུ་མ། ཊ་ཊ་ཊ་ཊ། ནི་བར་ནི། སྟམ་བྷ་ནི། མོ་ཧ་ནི། ཛཱང་གུ་ལི། པུཀ་ཀ་སི། པྲ་ཧཱ་ནཱི། མ་ཏང་གི། ཛ་ཡེ་བི་ཛ་ཡེ། ཧ་ཧ་སྭཱ་ཧཱ། དེ་བཞིན
208b7 གཤེགས་པ་སྤྲིན་ཆེན་སྙིང་པོ་དཔལ་གྱི་གཟི་བརྗིད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རབ་འཇོམས་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འབྱུང་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྙིང་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཀུན་ཏུ་འགེབས
208b8 དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འབྲུག་སྒྲོགས་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱས་མཛད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རྣམ་པར་སྒྲོགས་པ་སྒྲའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིག་མཛད་དང་། དེ་བཞིན་གཤེགས་པ་སྤྲིན




iiif viewer powered by OpenSeadragon

208a - 209a

Texts on this page

J963 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo