e-texts navigator
Collection
Volume
Page
Wylie

171a1 ཤོ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང
171a2 ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སྨྲི་ཏི་མ་ཏི་མ་ཏི། ཏེ་ཛྭ་བིདྱཱ། ཧུ་རུ་མེ་ཧ་ར་ཧུ་རུ་ཀྲིཥྞི་ཧུ་རུ་མེ་སྭཱ་ཧཱ། ཤུ་དག་དཀར་པོ་ལ་སྔགས་འདི་བཟླས་བརྗོད་བྱས་ཏེ་ཟོས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། །མི་བརྗེད
171a3 པའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་རྟེན་ལ་སྔགས་འདི་ལན་རེ་བརྗོད་ཅིང་བརྐྱང་ཕྱག་རེ་བྱས་ཏེ། ཕྱག་གསུམ་བྱས་ན། སྡེ་སྣོད་གསུམ་ཐོས་པ་དང་། བསམས
171a4 པ་དང་། བསྒོམས་པའི་བསོད་ནམས་དང་མཉམ་པར་འགྱུར་རོ། །ཉི་མ་རེ་རེ་ཕྱག་གསུམ་གསུམ་བྱས་ན། ཚེ་འདི་ཉིད་ལ་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་མི་དང་མི་མ་ཡིན་པ་དང
171a5 འབྱུང་པོ་དང་། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ོ~ཾ`་ན་མོ་མཉྫུ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་ཨུད་ཏ་མ་ཤྲཱི་ཡེ་སྭཱ་ཧཱ། ཕྱག་བྱ་བའི་གཟུངས། རྫོགས་སྷོ།། །། འཕགས་པ་རིམས་དང་སྲོག་ཆགས
171a6 ཀྱིས་མི་ཚུགས་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་ཛ་ཛ་རེ། པཪྞ་ཤ་བ་རི་སྭཱ་ཧཱ། ན་མཿསིང་ཧ་བྱ་གྷ། རཀྵ་ཏ་རཀྵུ། ཁ་ཐིན་དྲཱ་མེ་ཁ་མེ་ཁ། ཙན་ཏི་ཏི་པ་ཏ་ཡེ། རོ་ག་ནི་དཱི་པ་ས་ཏ་ཡེ་སྭཱ་ཧཱ། དྲིལ
171a7 བུ་ལ་ལན་བདུན་སྔགས་ཏེ། གང་གིས་ས་ཕྱོགས་སུ་དཀྲོལ་བ་དང་། བྱ་དང་། གཅན་ཟན་དང་། སྲིན་བུ་དང་། བྱི་བ་དང་། རིམས་ནད་ཐམས་ཅད་བསྲུང་བར་འགྱུར་རོ། །རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས། རྫོགས་སོ།། །།
171a8 དུག་ཞི་བར་བྱེད་པ་ཞེས་བྱ་བ། བདུད་རྩི་སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ་ཀ་།བ་ར་བ་ར་ཀེ། བི་རི་ཧི་རི། ཤུད་དྷེ་བི་ཤུད་དྷེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས




iiif viewer powered by OpenSeadragon

170b - 171b

Texts on this page

J949(a) - sh+lo ka sum stong lobs pa'i gzungs
J949(b) - mi brjed pa'i gzungs
J950(a) - phyag bya ba'i gzungs
J950(b) - 'phags pa rims dang srog chags kyis mi tshugs pa zhes bya ba'i gzungs
J951(a) - dug zhi bar byed pa zhes bya ba
J951(b) - mdangs phyir mi 'phrog pa zhes bya ba
J952 - 'phags pa bdud thams cad skrag par byed pa zhes bya ba
J953 - rma 'byor bar byed pa zhes bya ba'i gzungs sngags