e-texts navigator
Collection
Volume
Page
Wylie

86b1 གཟུངས་རྫོགས་སོ། ། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ
86b2 སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བཛྲ་མ་བུ། བཛྲ་མ་བུ་བུདྡྷ་ཛྲེ། བཛྲ་མ་བུ་བུདྡྷ་ཛྲེ་ཤཱུ་ནྱ་ཏ་པྲ་བྷེ་ཤེ། བཻ་རོ་ཙ་ན་གརྦྷེ། པཉྩེ་དི་ཡ། ཨ་བ
86b3 བོ་དྷ་ན་སྭཱ་ཧཱ། ཆོ་ག་ནི་རྟག་ཏུ་བཟླས་བརྗོད་བྱས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་ཐོབ་པར་འགྱུར་རོ། །བདུད་ཐམས་ཅད་དང་དགྲ་ཐམས་ཅད་དང་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་སོ། །འཆི་བའི་ཚེ་འཕགས
86b4 པ་འོད་དཔག་མེད་མཐོང་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ། །རྫོགས་སོ།། །།
86b5 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་སྤྱན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ
86b6 པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨུ0f00་ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། བྷ་ཡ་བྷ་ཡ། ཀུ་རུ་ཀུ་རུ། སརྦ་ཀརྨ་ཨཱ་བ་ར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སྭཱ་ཧཱ།
86b7 ཛྭ་ལ་ནི་བི་དྷ་ནི་བེ་སྭཱ་ཧཱ། ཀུ་རུ་པ~ཾ་ཙ་ལི་སྭཱ་ཧཱ། ས་ག་ར་ས~ཾ་བི་རེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷི་ཏེ་སྭཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི
86b8 ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར་རོ། །དེ་ལ་མིག་ནད་འབྱུང་བར་མི་འགྱུར་རོ། །ལུས་ལ་ནད་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་ཉེས་པ་འབྱུང་བར་མི་འགྱུར་རོ། །སྤྱན་ལྔ




iiif viewer powered by OpenSeadragon

86a - 87a

Texts on this page

J782 - bcom ldan 'das snang ba mtha' yas kyi gzungs sngags
J783 - 'phags pa 'od dpag med mthong ba'i gzungs
J784 - pad+ma'i spyan pa'i gzungs