| | e-texts navigator
|
86a1 ལས་འདས་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་གནོད་སྦྱིན་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱེད་ལ་དེ་ལ་ནད་ཐམས་ཅད་ཀྱིས་འཇིགས་པ་མེད་དོ། །སྱཱད་ཡ་ཐེ་དན། བུདྡྷེ་བུདྡྷེ། ཛ་ཡོད་ཏ་ར།
86a2 བོ་དྷ་ནི་བོ་དྷ་ནི། ས~ཾ་བོ་དྷི་མ་ཧཱ་ས~ཾ་བོ་དྷི། ཨ་དྷི་བད་བྷོ་དྷ་ནི། ཧ་ལ་ཧ་ལ་ཧ་ལ། ཧི་ལི་ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ་ཧུ་ལུ། སརྦ་བུདྡྷ། དྷརྨ་ཨ་བ་བོ་དྷི་ནི། སྥུ་ཊ་སྥུ་ཊ་སྥུ་ཊ་ནི། སརྦ་པཱ་པ་ནི། བུདྡྷ་ཨ་དྷིཥྛ་ནི་ན་སྭཱ་ཧཱ།
86a3 འཕགས་པ་རྒྱལ་བའི་བླ་མའི་གཟུངས་རྫོགས་སོ།། །།སྐར།། @#། །རྒྱ་གར་སྐད་དུ། བྷ་ག་བན་ཨ་མི་ཏཱ་བྷ་དྷཱ་ར་ཎཱི་མན་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས་སྔགས། བཅོམ་ལྡན
86a4 འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་ས~ཾ་བྷ་བེ། ཨ་མི་ཏ་བི་ཀྲན་ཏ~ཾ་ཀ་རེ། ཨ་མི་ཏ་ག་ག་ན
86a5 ཀཱིར་ཏི་ཀ་རེ་སརྦ་ཀླེ་ཤཀྵ་ཡ~ཾ་ཀ་རི་སྭཱ་ཧཱ། གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་འདི་ལན་གསུམ་བཟླས་བརྗོད་བྱས་ན་སྒྲིབ་པ་དེ་རྣམས་ཟད་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག
86a6 བཟླས་ན་རྩ་བ་བཞིའི་ལྟུང་བ་ཡང་སྡིག་པ་ཡོངས་སུ་བྱང་བར་འགྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་འགྱུར་རོ། །བཅོམ་ལྡན་འདས་སྣང་བ་མཐའ་ཡས་རྗེས་སུ་དྲན་པར་བྱའོ། །སངས་རྒྱས་དང་བྱང་ཆུབ
86a7 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཏྲ་ཡཱ་ཡ། མ་ཧཱི་དུ་ཧི་ཀི་སྭཱ་ཧཱ། ལུས་ལ་ནད་བྱུང་བ་འམ། ནད་ཁོང་སྐམས་སུ་གྱུར་ཀྱང་རུང་སྟེ། ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ། བསིལ་ཡབ་ཀྱིས་དེ་ལ
86a8 གཡབས་ན་ནད་མེད་པར་འགྱུར་རོ། །གཟུངས་སྔགས་དེ་གསུངས་མ་ཐག་ཏུ་འཁོར་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི
iiif viewer powered by OpenSeadragon
85b - 86b