| | e-texts navigator
|
70b1 དབང་དུ་འདུ། །བཞི་པས་ཐམས་ཅད་དབང་དུ་འདུའོ། །དྲག་པོའི་བཟླས་པ་བྱས་པ་ཡིས། །དང་པོས་མགོ་ནི་འཁོར་བར་བྱེད། །གཉིས་པས་ཡིད་འཁྲུགས་གསུམ་པས་ཁྲག་དུ་སྐྱུག་།བཞི་པས་གདོན་མི་ཟ་བའོ། །གཞི་འམ
70b2 གནས་སུ་བསྟན་པ་ནི། །བཅུ་གཉིས་འཁོར་ལོ་རྩིབས་ཅན་དེ། །ཡི་དགས་ཀྱི་ནི་གོས་ལ་བྲི། །ཞི་བ་པད་མ་ཟླ་བ་ལ། །རྒྱས་པ་གླང་པོའི་རྒྱབ་ཏུ་བྱ། །དབང་ནི་བུད་མེད་སྙིང་གར་ཏེ། །དགུག་པ་སེང་གེ་དྲེའུ་དང་གཉིས། །དབྱེ
70b3 བ་རྟ་དང་མ་ཧེ་གཉིས། །སྨྱོ་འབོག་ཤ་བའི་རྒྱབ་ཏུ་བྱ། །ལྐུག་པ་ལུག་གི་ཁོང་དུ་གཞུག་།བསྐྲད་པ་རྔ་མོའི་རྒྱབ་ཏུ་བྱ། །གསད་པ་སྐྱེས་བའི་སྙིང་ག་སྟེ། །མནོན་པ་རི་རབ་འོག་ཏུ་བྱ། །སྣག་ཚའི་མཚན་ཉིད་བསྟན་པ་ཡང་། །
70b4 ཁྲག་སྣ་གསུམ་དང་བྱི་ལའི་གཅིན། །ཕོ་རོག་དག་གི་སྒྲོ་རྩ་ལ། །ཤི་བའི་སྐྲ་ལ་བིར་བྱས་ལ། །གང་བརྩམས་འགྲུབ་པར་ངེས་པར་བཤད། །དེ་ནས་བཅོམ་ལྡན་འདས་བརྩམ་པའི་རྒྱལ་པོའི་ཏིང་ངེ་འཛིན་མཆོག་དེ་ལ
70b5 འདི་སྐད་ཅེས་གསོལ་ཏོ། །ངེས་པར་བསྟན་པའི་རྒྱུད་འདི་ལ། །ཁྲོ་བོའི་བཟླས་པ་ཇི་ལྟར་ལགས། །ཡུམ་གྱི་བཟླས་པ་ཇི་ལྟར་ལགས། །མ་མོའི་སྔགས་རྣམས་ཇི་ལྟར་ལགས། །ཁྲོ་བོའི་ཚོགས་རྣམས་ཇི་ལྟར་ལགས། །
70b6 ཞེ་སྡང་འཇོམས་མཛད་ཁྲོ་བོ་དེས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཁྲོ་བོ་ཡབ་ཡུམ་ལྕེ་ལ་གཞག་།མ་མོ་སྔགས་ཀྱི་མཐུ་བྱིན་ཆེ། །ཁྲོ་བོ་མང་པོ་འོད་འཕྲོ་པའོ། །དེ་ཡི་བཟླས་པ་འདི་དག་གོ་། ཨོཾ་ཨ་ཀྲོ་དྷ་ཀ་ཡ་མཱན་ཏ
70b7 ཀ་ཀཱ་ལ་རཱུ་པ་པ་ཙ་ཏེ་ནི་ཧཱུ~ཾ་ཕཊ། ཨོཾ་ཨ~ཾ་ཧུ~ཾ་བེ་ཏ་ལི་རག་ཤ་མན། ཨོཾ་རོ་ག་མ་དུན་བྷྱོ། ཙ་མུན་ཏ་ཀྱི་ཀྱི་མ་བྷྱོ། ནམ་གྲུ་མ་པ་ཡ་ཏི་བྷྱོ། ཨོཾ་ཨོཾ་ཨོཾ། ཀྲོ་དྷ་བཛྲ་པསྨི། བཛྲ་ཀྲོ་དྷ་མ་ལ། བཛྲ་ཀྲོ་དྷ་མ་ལ། བཛྲ་ཀྲོ་དྷ་ཏིསྠ། བཛྲ་ཀྲོ་དྷ་ཀངྐ་། བཛྲ་ཀྲོ་དྷ་སྨིག་ཤ་།བཛྲ
70b8 ཀྲོ་དྷ་རག་ཁང་། བཛྲ་ཀྲོ་དྷ་ཏ་ཀི་ནི། བཛྲ་ཀྲོ་དྷ་རག་ཤ་།བཛྲ་ཀྲོ་དྷ་ཡཀྵ། བཛྲ་ཀྲོ་དྷ་ཀུཎ་ཌ་ལི། བཛྲ་ཀྲོ་དྷ་ཀྲི་ཏ། བཛྲ་ལོ་ཀ་།བཛྲ་པ་སྨི། བཛྲ་ཤུ་ལ། བཛྲ་ཀུ་ལ་ན། བཛྲ་ཀངྐ་། བཛྲ་མུ་ལ། བཛྲ་སྲི་ཏ། བཛྲ་བ་མུ། བཛྲ་ཤུ་ལ།
iiif viewer powered by OpenSeadragon
70a - 71a