| | e-texts navigator
|
70a1 ཆེ་གེ་མོ་ཞིག་མ་ར་ཡ་པུཥྚི~ཾ་ཀུ་རུ་སྭཱ་ཧཱ། །དེ་ཚེ་རང་རིག་ཏིང་འཛིན་གྱིས། །མཐུ་དང་ལྡན་པར་བྱས་ཏེ་ནི། །སྔགས་དེ་བཟླས་པ་བྱས་ན་ནི། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །
70a2 ལྷ་ཡང་སྐུ་མདོག་ཟངས་ལྟ་བུ། །ཡུམ་ཡང་དེ་དང་འདྲ་བར་བསྒོམ། །ལྷ་རྣམས་གཞུང་བཞིན་བསྐྱེད་པ་ནི། །མཐར་བྱེད་འབྱུང་བའི་བཟླས་པའོ། །ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་ཧཱུ~ཾ་ཧཱུ~ཾ་བ་ཤང་ཀུ་རུ་སྭཱ་ཧཱ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཧཱུ~ཾ་ཧཱུ~ཾ
70a3 ཕཊ་ཕཊ་སྭཱ་ཧཱ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ། ཆེ་གེ་མོ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཀཱ་ལ་རཱུ་པ་སྭཱ་ཧཱ། ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཀཱ་ལ་རཱུ་པ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། །སྔགས་ཀྱི་བཟླས་པ་བྱས་ན་ནི། །བླ་མེད་སངས་རྒྱས་ཐམས་ཅད་ཀྱང་། །
70a4 འདུ་ཞེས་གསུངས་ཏེ་གདོན་མི་ཟའོ། །ལྷ་ནི་སྐུ་མདོག་ལྕགས་ལྟ་བུ། །མཐིང་ག་རབ་ཏུ་ཁྲོས་པ་ལ། །གཅེར་བུ་རལ་པ་གཅིག་སྟེ་འཇིགས། །མ་རུངས་འདུལ་བ་བསྒོམས་ནས་ནི། །བཟླས་པ་འདི་ནི་དྲག་ཏུ་བཟླས། །ཡ་མ་ར་ཙ་ས་ཏོ
70a5 མེ་ཡ་ཆེ་གེ་མོ་ཨ་མུ་ཁཾ་པྲ་མ་ཡ་ནི་ཧཱུ~ཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཁ~ཾ་མུ་ར་ཙ་ཡ་ཧཱུ~ཾ་ཕཊ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་ཨ་མུ་ཁ~ཾ་རག་ཏ་ཙ་ར་ཧཱུ~ཾ་ཕཊ། ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཨ་མུ་ཁ~ཾ་མ་ར་ཡ་ཧཱུ~ཾ་ཕཊ། བདག་ཉིད
70a6 འཇིགས་བྱེད་སྐུར་བསྒོམས་ལ། །སྔགས་ཀྱི་ཕྲེང་བས་ཕོག་འགྱུར་ན། །མངོན་ཤེས་ལྡན་པའི་སངས་རྒྱས་ཀྱང་། །འཆི་བར་འགྱུར་བར་གདོན་མི་ཟ། །ཞི་བའི་དུས་སུ་བཟླས་པ་ཡིས། །དང་པོས་སེམས་ནི་གཡོས་པར་འགྱུར། །
70a7 གཉིས་པས་ཡིད་ལ་འབྱུང་བར་འགྱུར། །གསུམ་པས་དཀར་པོའི་ངོ་བོ་དང་། །བཞི་པས་ཐམས་ཅད་ཞི་བར་འགྱུར། །རྒྱས་པའི་དུས་སུ་བཟླས་པ་ཡིས། །དང་པོས་དཔལ་ཡང་འཕེལ་བར་བྱེད། །གཉིས་པས་དབང་ཐང་སྐྱེད་པར
70a8 བྱེད། །གསུམ་པས་གཟི་བྱིན་རྙེད་འགྱུར་ཏེ། །བཞི་པས་ཚེ་རིང་མ་ལུས་རྒྱས་པར་འགྱུར། །དབང་གི་དུས་སུ་བཟླས་པ་ཡིས། །དང་པོས་སེམས་ཀྱང་གཡོས་པར་བྱེད། །གཉིས་པས་འཇུག་པར་ནུས་པ་སྟེ། །གསུམ་པས་དམིགས་པ
iiif viewer powered by OpenSeadragon
69b - 70b