| | e-texts navigator
|
67b1 སྟག་གི་གཡང་གཞིས་སྐུ་ལ་བརྒྱན་པ་ནི། །དུག་གསུམ་གནས་སུ་བསྒྲལ་ནས་ཆོས་ཀྱི་སྐུ། །སྐྱེ་མེད་ངང་ལ་གཡོ་བསྐྱོད་མི་མངའ་ཡང་། །ཞེ་སྡང་ཕྲིན་ལས་བྱ་བའི་དུས་ལ་བབ། །ོཾ་ཧྲིཥྚི་ཡ་མ་ར་ཙ་སརྦ་མ་ར་ཡ་ནན་ཛ་ས་མ་ཡ། ཞེས་བརྗོད
67b2 ཅིང་ཞེ་སྡང་དང་ལྡན་པར་ཏིང་ངེ་འཛིན་གྱིས་བཟླས་པ་དང་སྦྱར་ཏེ་ལས་བྱས་ན་གདོན་མི་ཟའོ། །དེ་དག་ནི་འདི་འོས་པ་ཙམ་གྱིས་མ་ཡིན་ཏེ་ཡང་དང་ཡང་དུ་འདྲིས་པར་བྱས་ལ་ནན་ཏན་གྱིས་མ་བྱས་ན་འཕྲལ་དུ་ཕྲ་མོ་ཙམ་གྱིས་འགྲུབ་པ་མ་ཡིན་ནོ། །
67b3 འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ཡ་མ་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་ལས་ཕྲན་ཚེགས་བསྒྲུབ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང
67b4 ངོ་། །ཟླ་བ་འདྲ་བའི་དཀྱིལ་འཁོར་ལ། །པདྨ་འམ་འཁོར་ལོ་གང་ཡང་རུང་། །ཡང་ན་རིན་ཆེན་དྲ་བ་ལ། །དྲ་མིག་རྣམས་ནི་འདུག་པར་གནས། །རིན་ཆེན་ཕུར་བུ་ནང་དུ་བལྟས། །དེ་རུ་བྲི་འམ་གཟུགས་པར་བྱ། །ཐ་མ་སྦྲུལ་གྱི་ཞགས་པས
67b5 བསྐོར། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ཁྲུ་གང་མཐུར་དུ་བརྐོས་བྱས་ལ། །ག་བུ་ཁ་སྦྱར་ནང་དུ་ནི། །ཡུངས་ཀར་བླུགས་ལ་བཟླས་པ་བྱ། །རྟགས་ལ་མ་ཡེངས་འཕྲོ་འདུ་ཡིས། །རྒྱུན་མི་འཆད་པར་བསྒྲུབ་པར་བྱ། །ོཾ་བཛྲ་ཀ་ལ་ད
67b6 དུ་ཁ་ལ། པྲ་མརྟ་ན་ཧཱུ~ཾ་ཕཊ། སླེ་ཁ་སླེ་ཁ་ཕཊ་ཕཊ་ཅེས་བཟླས་ལ། བདག་ཉིད་ཡ་མན་ཏ་ཀར་བསྒོམས་ལ། །སྔགས་ནི་ནུས་ཚད་དུ་བཟླས་ན་འགྲུབ་ངེས་སོ། །ཡུངས་ཀར་རྒྱལ་པོ་བསྒྲུབ་པའོ། །དེ་ནས་འཁོར་ཁྲོ་བོ་ལ་སོགས་པས
67b7 བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་འདི་སྐད་ཅེས་གསོལ་ཏོ། །ེ་མའོ་དབྱིངས་ལས་བྱུང་བ་དང་། མཁའ་ལ་རྒྱུ་དང་ས་ལ་དབང་བ་གསུམ་གྱིས་བསྐུལ་བའི་དབྱངས་འདི་བདག་ཅག་ལེན་ལགས་སོ། །ཡེ་ཤེས་མཁའ་ལྡན་མ་མོའི་དཔལ། །
67b8 གཟི་བརྗིད་འབར་བའི་ཕྲིན་ལས་ཅན། །དཔལ་གྱི་ཕྱག་བརྙན་རཀ་ཏའི་དྲི་མནོམ་མ། །མ་མོ་ཁྱོད་ནི་ཀུན་གྱི་གཙོ་མོ་དཔག་ཚད་བརྒྱད་ཁྲིར་རྒྱུག་།བུད་མེད་ལུས་ལ་འཇིགས་བྱེད་ཚུལ་འཆང་བ། །ཁ་ནས་མེ་འབར་རྒྱ་མཚོའི་ཏིང་ནས་སྐེམས། །
iiif viewer powered by OpenSeadragon
67a - 68a