e-texts navigator
Collection
Volume
Page
Wylie

61a1 བསྒྲུབ་པར་བྱ། །དགྲ་རྣམས་ཐམས་ཅད་འདུལ་བའི་ཕྱིར། །ཕྲིན་ལས་རྡོ་རྗེ་ཅན་གྱི་མཛོད། །ཞེས་བརྗོད་ཅིང་སྔགས་ཀྱིས་བརྡེག་པ་ནི་ཕྲིན་ལས་མཆོག་གི་རྒྱལ་པོ་ཞེས་གསུངས་སོ། །དུས་དང་དུས་དང་ཞག་གྲངས་ནི། །ཉི་མ་གཅིག
61a2 ལ་སྟོང་རྩ་གཅིག་། ནམ་གྱི་གུང་ལ་བརྒྱ་རྩ་གཅིག་།ཐོ་རངས་ཐུན་གཅིག་བརྒྱ་རྩ་གཅིག་།སྲོད་ཀྱི་གུང་ལ་བརྒྱ་རྩ་གཅིག་།དེ་ལྟར་ཉིན་ཞག་གསུམ་བར་དུ། །བཟླས་པ་ཞག་གྲངས་ཚད་བྱ་ཞིང་། །ཕྱག་རྒྱ་བཅའ་ཞིང་གཟུགས་ལ་བརྡེག་།ཉ་ལ
61a3 བྱས་ན་གདོན་མི་ཟ། །ོཾ་མ་ར་ན་ཁ་ད་སརྦ་ཧྲཱི་ཥྚི~ཾ་ཡ་མན། ཧུ~ཾ་ཧུ~ཾ་ཏྲེ་ཁ་ད་པ་ར་ན་པ་ལ་ཧུ~ཾ་ཧུ~ཾ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ་དགྲ་བོའི་གཟུགས་ལ་བརྡེག་གོ། ཨོཾ་བཛྲ་ཧཱུ~ཾ་ཁམ་སྥ་ར་ན་ཕཊ། ཧཱུ~ཾ་ཨཱ་བེ་ཤ་ཨ། ཧུ~ཾ་ཧུ~ཾ་ཕཊ་ཕཊ
61a4 ཨ། ཡང་ཕྱག་རྒྱ་གོང་མ་བཅས་ལ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་ཏན་ཏྲ་ཧུ~ཾ་ཧུ~ཾ་ཧྲཱིཥྚི~ཾ་ཀྲི་ཏ་ན་ན། ཧུ~ཾ་ཧྲཱིཥྚི~ཾ་བི་ཀྲི་ཏ་ནན་ནན་ཞེས་བརྗོད་ལ། བདག་གི་ལག་པས་དབང་བསྐུར་རོ། །ཡང་ཕྱག་རྒྱ་བཅས་ལ། སྔགས་འདི་ལ་ཡང་ལན་གྲངས་མང་དུ་བྱའོ། །~ཾ་བཛྲ
61a5 ཙཎྜ་ཧྲཱིཥྚི~ཾ་བཛྲ་སྟི་ར་བ~ཾ། ཁ་ཧི་ཧུ~ཾ་ཧུ~ཾ་ཆེ་གེ་མོ་དབང་དུ་བསྡུས་ཤིག་།ཧྲིལ་ཧྲིལ་ཞེས་ལན་གྲངས་མང་དུ་བརྗོད་དོ། །རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བརྡེག་གོ། ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། ཨོཾ་བཛྲ་ཀང་ཀ་མ་ཀ་ལ་ཡན་ཧཱུ~ཾ་ཕཊ་ཕཊ་ཨ། ཞེས་འབུམ་བཟླས
61a6 ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་བརྡེགོ་། ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། ཨོཾ་བཛྲ་ཨ་གུ་ཤ་ཏྲེ་ཐ་སྟི་ར་བ~ཾ་ཧུ~ཾ་ཧུ~ཾ་ཕཊ་ཕཊ་ཆེ་གེ་མོ་མ་ར་ཡ་ཛ་ཧཱུ~ཾ་ཞེས་དབང་དུ་སྡུས་ཤིང་། ཧུ~ཾ་ཧུ~ཾ་ཕཊ་ཕཊ་ཞེས་ལན་གྲངས་མང་དུ་བརྗོད་དོ། །རྡོ་རྗེ་གདེངས་པའི་ཕྱག་རྒྱ་བཅས་ལ
61a7 དབང་དུ་བསྡུའོ། །ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། ཨོཾ་ཧུ~ཾ་ཧུ~ཾ་ཕཊ་ཕཊ་འདུས་འདུས་རང་རང་ཡ~ཾ་ཡ~ཾ་ར~ཾ་ར~ཾ་ཧྲིང་ཧྲིང་དུ་བ་བྷྱོ་ཧཱུ~ཾ་ཕཊ་ཆེ་གེ་མོ་དུན་བྷྱོ་ཞེས་བཟླས་ལ། ཁ་ཊྭཱ~ཾ་གི་ཕྱག་རྒྱས་བརྡེག་གོ། དེ་ལྟར་ལས་དེ་དག་ཡོངས་སུ་རྫོགས་པའི་ཏིང་ངེ
61a8 འཛིན་དང་ལྡན་པར་བྱས་ལ། བཟླས་པ་བྱས་ན་ལས་ཅི་བྱས་པ་ཐམས་ཅད་དབང་དུ་འདུ་བར་ངེས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ངན་སྔགས་དབང་སྡུད་ཀྱི་ལེའུ་སྟེ་དྲུག་པའོ།། །།




iiif viewer powered by OpenSeadragon

60b - 61b

Texts on this page

J756 - 'phags pa 'jam dpal las bzhi 'khor lo gsang ba'i rgyud