| | e-texts navigator
|
57a1 དབང་དང་རྒྱས། །གོ་རིམ་བཟློག་སྟེ་རབ་ཏུ་བཤད་པར་བྱ། །ལྟེ་བར་བཅས་པའི་རྩིབས་ཅན་ལ། །འཁོར་བ་གཅོད་བྱེད་རྩེ་མོ་ཅན། །གྲུ་གསུམ་ཨེ་ཡི་ཕོ་བྲང་ཨ། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །མྱུ་ཁྱུད་དད་ཅན་རྒྱས
57a2 པ་ཕྱི། །རྣམ་བཞིར་ལྡན་པའི་འཁོར་ལོ་ལ། །རབ་ཏུ་མཛེས་པའི་ཐིག་གདབ་པོ། །དབུས་སུ་མ་ཧེའི་ཞིང་གདན་ལ། །རྩེ་དབུས་ཞིང་བརྐྱང་རེ་རེའོ། །རུས་པ་ཚོགས་ཀྱི་རྦ་རླབས་བྲག་ཏུ་སྤུངས། །རཀ་ཏ་ཁྲག་གི་རྦ་གློང་མཚོ་ལྟ་བུ། །གནམ
57a3 ལྕགས་དུར་མོ་རབ་ཏུ་ཏ་ལ་ལ། །དུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤམ་མོ། །དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྐུ་ནི་ནག་པོ་དུག་འདྲ་ལ། །དབུ་གསུམ་དཀར་དམར་མཐིང་བ་སྟེ། །རལ་པ་ཁམ་ནག་སྲིད་རྩེར་འབར། །རྩེ་ལ་མེ་འབར་རྐེད
57a4 ནས་ཞག་ཀྱང་འཛག་། རྩ་བ་ཆུ་སྟེ་སྡང་མིག་རབ་ཏུ་བགྲད། །ཕྱག་དྲུག་ཕྱག་མཚན་བསྣམས་པའི་ཐོར་ཚུགས་ནི། །སྡིགས་མཛུབ་རྒྱུ་ཞབས་ལྕགས་ཀྱུ་གཡས། །དུང་ཆེན་མདུང་ཐུང་གསལ་ཤིང་གཡོན། །ཞབས་བཞི་མཐུར་དུ་བསྟན་པ་ནི། །
57a5 བརྐྱང་བསྐུམ་ཚུལ་གྱིས་འགྲོ་བ་དབང་དུ་སྡུད། །སྐུ་སྟོད་གླང་ཆེན་ཀོ་བ་ཞིང་ཕྲག་ལ། །སྐུ་སྨད་སྟག་སྟེ་ཤམ་ཐབས་ཚམས་ངམ་ཅན། །ེ་ཡི་ཕོ་བྲང་དབུས་སུའོ། །ཡུམ་ཡང་ཡབ་དང་སྐུ་འཐུན་ཏེ། །ཕོ་བྲང་དབུས་སུ་གཡོན་དུའོ། །ཞལ
57a6 གཅིག་ཕྱག་གཉིས་མཆེ་བ་ཅན། །ཁྲམ་བམ་བན་དྷ་བསྣམས་པའོ། །རྩེ་ལ་ཁྲོ་བོ་ཡབ་ཡུམ་བཅུ། །རབ་ཏུ་ཁྲོས་པའི་སྡང་མིག་ཅན། །གོ་རིམ་བཞིན་དུ་དགོད་པར་བྱ། །ཟླ་གམ་དུར་ཁྲོད་མ་མོ་སྟེ། །སྒོ་ལ་དེ་བཞིན་བསྲུང་བའོ། །དེ་ལ
57a7 རིམ་པས་མགུ་བར་བྱ་ཞེས་བརྗོད་དེ། འདི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །ོཾ་ཨ་ཀྲོ་མཉྫུ་ཤྲཱི་མུ~ཾ། ཧཱུ~ཾ་བཛྲ་ཀྲོ་དྷ་བྷིད་ནན་ཧཱུ~ཾ། ཨོཾ་བཛྲ་བེ་ཏ་ལི་རཀ་ཤ་མན། ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ། ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧུ~ཾ། ཨོཾ་རུ་རུ་དུ་ན། ཨོཾ་ཛ་ཛ་ཡ་བ།
57a8 ཨོཾ་ཡ་ཤུག་བྷྱོ་བྷྱོ་བྷྱོ། །ཛཿཧཱུ~ཾ་བ~ཾ་ཧོཿ། ཞེས་བརྗོད་པས་ཕྱོགས་བཅུ་ཐམས་ཅད་འཁྲུགས་ཏེ། གཡོས་སོ། །འགུལ་ཏོ། །ལྡེག་གོ། ཆེམ་མོ། །འུར་ཏེ། གཡོ་འགུལ་དུ་གྱུར་ཏེ། འཁྲུགས་པར་གྱུར་ཏོ། །དེ་ནས་ཡུམ་གྱི་ཏིང་ངེ་འཛིན་ལ
iiif viewer powered by OpenSeadragon
56b - 57b