| | e-texts navigator
|
54b1 རྔ་ཆེན་འབྲུག་གི་སྒྲ་སྒྲོགས་ཤིང་། །རྔ་ཐབས་གློག་སྟོང་འགྱུར་བ་བཞིན། །དེ་བཞིན་གཤེགས་པའི་ཐུགས་དམ་བཀང་། །མ་མོ་མཁའ་འགྲོའི་དམ་ཚིག་བཀང་། །རྣལ་འབྱོར་རྣམ་ལྔའི་དམ་ཚིག་བསྐུལ། །སྟི་ར་རྔ་ཆེན་འདི་བརྡུངས་པས། །
54b2 ཉན་ཐོས་མདོ་སྡེ་གནས་ནས་སྤར། །རང་རྒྱལ་ལྟ་བ་དབྱིངས་སུ་སྒྲོལ། །སྟི་རའི་རྔ་ཆེན་འདི་བསྒྲགས་པས། །ལྷ་དང་མི་ཡི་ཐེག་པ་ཡང་། །བླ་མེད་ཐེག་པའི་དབྱིངས་སུ་བཙུད། །སྟི་ར་རྔ་སྒྲ་འདི་བསྒྲགས་པས། །སྟོང་ཁམས་སྟི་རའི
54b3 རྔ་སྒྲས་བཀང་། །ཀུན་ཀྱང་རྔ་རྡུང་དི་རི་རི། །རྔ་ཐབས་གློག་སྟོང་ལྕེ་འབྱིན་ཅིང་། །རྔ་སྐད་འབྲུག་སྟོང་སྒྲ་སྒྲོགས་བས། །བྱིན་བརླབས་ལྕགས་ཀྱི་སེར་ཆེན་འབེབས། །སྟོང་གསུམ་འཁྲུག་ཅིང་སྲིད་གསུམ་འཐོར། །རྔ་ཐབས་གཡབ
54b4 མོར་བོར་བ་དང་། །ཁ་དང་ཀ་ཡི་རུ་མཚོན་གྱིས། །ཐམས་ཅད་གནམ་ལྕགས་ཆེན་པོས་བཏབ། །ཀ་ལ་ཆེན་པོ་ལ་སོགས་ཏེ། །རྡོ་རྗེ་ཆགས་འོག་ལྡེགས་པའི་རྣམས། །དུས་གཅིག་ཏུ་ནི་ཙིཏ་ཏ་འབྱིན། །སྟི་ར་ཆེན་པོ་ཡི་རྔ་སྒྲ
54b5 ཡིས། །སྲིད་པ་ཁྲག་གི་རྒྱ་མཚོར་བསྐྱིལ། །དུས་གཅིག་ཏུ་ནི་དབང་ཆེན་རྫོགས། །རྔ་སྒྲ་རིན་ཆེན་ཁང་པ་བརྩེགས། །བསམ་རྫོགས་ཆེ་ལ་དབང་ཐང་ཐོབ། །རྔ་སྒྲས་གཡོ་བ་མེད་པར་བྱེད། །ཆོས་ལ་འཛུད་པའི་སྒྲ་ཡང་འབྱིན། །
54b6 རྔ་སྒྲས་ཅི་འདོད་དགོངས་པ་རྫོགས། །བྱང་ཆུབ་སེམས་ལྟར་དེ་མ་ཐག་ཅེས་གསུངས་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་སྦྱོར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཡེ་ཤེས
54b7 རྒྱལ་པོ་དེ་ཉིད་ཀྱི་དཀྱིལ་འཁོར་བླ་མ་ཆེན་པོ་མན་ངག་གི་སྙིང་པོ་དང་བཅས་པ་དེ་ལ་ཤིན་ཏུ་རྔམ་པའི་མདངས་ཀྱིས་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །ཧཱུ~ཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །
54b8 ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ། །ཧོ། ཧཱུ~ཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཏུག་ཆེམ་རི་རབ་འབུམ་རྙིལ་སྐད། ། ལ་ལ་ཡི་གད་རྒྱངས་ཆེ། །དཔྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཧོ། ཧཱུ~ཾ་ཁྲོ་བོའི
iiif viewer powered by OpenSeadragon
54a - 55a