e-texts navigator
Collection
Volume
Page
Wylie

305a1 པར་བྱ། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །ཡུད་ཙམ་ཉིད་ལ་ཞི་མཛད་དེ། །ཞི་བར་གྲུབ་ལ་ཕྱག་འཚལ་ལོ། །ལྷ་རྣམས་འཁོར་བཅས་ཐམས་ཅད་ཀྱིས། །འཁྲུག་པ
305a2 ཐམས་ཅད་ཞི་མཛད་པར། །བསྒོམས་ན་ཐམས་ཅད་ཡུད་ཙམ་གྱིས། །ཞི་བར་འགྱུར་ཏེ་ཐེ་ཚོམ་མེད། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་ལས་ཀྱི་ལེའུ་སྟེ་སུམ་བཅུ་བཞི་པའོ་།།
305a3 ཧོམ་ཁུང་ཟླུམ་པོ་གདེངས་པ་ལ། །རྡོ་རྗེ་པད་མོས་བརྒྱན་པར་བྱ། །ཕུར་པ་དཀར་པོ་དྲུག་བཏབ་སྟེ། །སྤྱན་དྲངས་རྡུལ་ཕྱེ་སོགས་པས་མཆོད། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་ཧོམ་གྱི་ལེའུ་སྟེ་སུམ་བཅུ་ལྔ་པའོ། །
305a4 ཕུར་པ་ཁ་དོག་དཀར་པོ་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོར། །ལྷ་རྣམས་བསྒོམས་ལ་གདབ་པར་བྱ། །འདི་ནི་ཞི་བའི་ལས་ལ་ཤིས། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་ཕུར་པའི་ལེའུ་སྟེ་སུམ་བཅུ་དྲུག་པའོ།། །། དངུལ་དང
305a5 འབྲས་ཆེན་དཀར་པོ་རྣམས། །འོ་མར་སྦྱར་བའི་གཏོར་མ་ནི། །ཞི་བར་འགྱུར་བའི་གཏོར་མ་སྟེ། །མཁས་པས་ཞི་བར་བསྒོམས་ཤིང་གཏོར། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་གཏོར་མའི་ལེའུ་སྟེ་སུམ་བཅུ་བདུན་པའོ། །
305a6 ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ལྷ་ཡི་གྲུབ་པ་བསྒོམ་པར་བྱ། །བྱིན་གྱིས་ཐམས་ཅད་ཞི་བསྒོམས་ན། །ལྷ་རྣམས་ཀུན་ཀྱང་ཞི་བར་འགྱུར། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཞི་བའི་སྤྱོད་པ་ལས་ཀྱི་ལེའུ་སྟེ་སུམ་བཅུ་བརྒྱད་པའོ། །
305a7 མཚན་ཉིད་མེད་པའི་ཕྱག་རྒྱ་དང་། །དེ་ལས་དངོས་འབྱུང་ཕྱག་རྒྱ་རྣམས། །ངེས་པ་མེད་པར་དཔའ་བོས་བཤད། །མཁས་པས་ཅི་དག་བསྒྱུར་ན་འགྲུབ། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ལས་བསྡུས་པའི་ལེའུ་སྟེ་སུམ་བཅུ་དགུ་པའོ།།
305a8 དྲག་པོས་ཐམས་ཅད་འདུལ་བར་འགྱུར། །དབང་གིས་འབྱོར་པ་མཆོག་ཀྱང་འགྲུབ། །རྒྱས་པས་གཟི་བརྗིད་རྣམ་པར་འཕེལ། །ཞི་བས་བདེ་བའི་མཆོག་ཀྱང་འགྲུབ། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ལས་སྒྲུབ་པའི་ཕན་ཡོན་གྱི




iiif viewer powered by OpenSeadragon

304b - 305b

Texts on this page

J753 - 'phags pa thabs kyi zhags pa padmo'i phreng zhes bya ba