e-texts navigator
Collection
Volume
Page
Wylie

302b1 རུ་ལུ་རུ་ལུ་ཧཱུ~ཾ། མ་མ་མ་མ་མ་ཧཱུ~ཾ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་ཧཱུ~ཾ། ཛཿཛཿཛཿཧཱུཾ་ཧཱུ~ཾ་ཧཱུ~ཾ། འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་རྡོ་རྗེ་སྲིན་མོའི་སྔགས་ཀྱི་ལེའུ་སྟེ་བཅཝ་ལྔ་པའོ།། །། མཉམ་པ་ཉིད་དུ་རྟོགས་བྱས་ནས། །
302b2 བསྐུལ་ཞིང་གསིགས་པ་ཐམས་ཅད་ཀྱང་། །ཕྱག་རྒྱ་ཡིན་ཞེས་རྒྱལ་པོས་བཤད། །མདོ་ཙམ་དུ་ནི་འདི་ལྟར་བརྟག་།ལག་པ་ཐལ་སྦྱར་གྱེན་དུ་བསྒྲེང་། །རྐང་པ་མཐིལ་སྦྱར་མཐུར་དུ་གཟུགས། །ཚིགས་ཆེན་བཞི་ཡང
302b3 གཅག་པར་བྱ། །མགོ་དང་མཚན་ཡང་སྙིང་པོར་བརྟག་།རྡོ་རྗེ་རྩེ་གཅིག་རྩེ་དགུ་དང་། །བཅུ་གཅིག་ཏུ་ཡང་རྣམ་བརྟགས་ཏེ། །འདི་ནི་ཁྲག་འཐུང་ཆེན་པོ་ཡི། །ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། །ལག་པ་ཐལ་སྦྱར་གྱེན
302b4 དུ་བསྒྲེང་། །རྐང་པ་ཕྲལ་ནས་བརྐྱང་བསྐུམ་ཞིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །འདི་ནི་ཧཱུ~ཾ་གི་རྒྱ་ཆེན་ཡིན། །རྐང་པ་ཕྲལ་མཐིལ་ཟུར་དུ་གཟུགས། །ལག་པ་ཕྲལ་ནས་གར་བྱེད་ཅིང་། །སྟབས་སུ་མཆོད་པར་བྱེད་པ་ནི། །
302b5 འདི་ནི་སྟོབས་ཆེན་ཕྱག་རྒྱ་ཡིན། །རྐང་པ་གཡོན་གྱིས་གཡས་ལ་འཁྱུད། །ལག་པ་གར་ཐབས་བསྐོར་ནས་ཀྱང་། །ཐལ་མོ་དྲག་ཏུ་བརྡབས་པ་ནི། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་མཐེ་བོ་ཡིས། །
302b6 མཐེའུ་ཆུང་སེན་མོའི་མཐིལ་དུ་གནོན། །གདངས་པའི་ཐབས་སུ་བསྒྲེང་བ་ནི། །དབྱུག་སྔོན་ཅན་གྱི་ཕྱག་རྒྱ་ཡིན། །ལག་པ་གཡས་པའི་ཁུ་ཚུར་གྱིས། །རྡེག་པའི་ཐབས་སུ་གདངས་པ་དང་། །གཡོན་པ་དཀུ་ལ་བརྟེན་པ་ནི། །གཤིན
302b7 རྗེ་འཇོམས་པའི་ཕྱག་རྒྱ་ཡིན། །ལག་པ་གཡས་པའི་ཐལ་མོ་ཡིན། །གདབ་པའི་ཐབས་སུ་གདེངས་པ་དང་། །གཡོན་གྱིས་འཛིན་པ་ལྟར་བྱས་པ། །མི་གཡོ་མགོན་གྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་ནས་ནི། །གུང་མོ་རྒྱབ་ཏུ་བསྣོལ
302b8 བར་བྱ། །མཐེ་བོ་གཉིས་ཀྱང་ཕྲལ་ཏེ་བསྒྲེང་། །སྤྱི་བོར་བཞག་པ་གྲེ་བའི་རྒྱ། །རྐང་པ་གཡས་པ་ཐུར་དུ་གཟུགས། །ལག་པ་གཡས་པ་གྱེན་དུ་བསྒྲེང་། །གཡོན་པའི་རྐང་པ་ལག་འཕྱར་བའི། །གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། །




iiif viewer powered by OpenSeadragon

302a - 303a

Texts on this page

J753 - 'phags pa thabs kyi zhags pa padmo'i phreng zhes bya ba