e-texts navigator
Collection
Volume
Page
Wylie

301b1 འཁོར་ཐམས་ཅད་ལ་སྤྱན་བགྲད་པས་གཟིགས་ཤིང་མཛུམ་པའི་བརྡ་ཧ་ཧ་ས~ཾ་ས~ཾ་སྒྲ་ཕྱུང་སྟེ། འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དབྱངས་འདིས་གཙོ་བོ་ལ་བསྟོད་དོ། །ེ་མའོ་ཆོས་ཀྱི་དོན་བྱུང་བ། །ཆོས་དོན་དག་པ་བདག་མེད་པ། །
301b2 ནམ་མཁའ་དང་ནི་མཉམ་པའི་གནས། །རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པས་གཙོ་བོ་མཉེས་ནས་འཁོར་ཐམས་ཅད་ལ་གཟིགས་ཤིང་དམ་སྩལ་བའི་དབྱངས་འདི་གསུངས་སོ། ཁ་ག་ལྱ་ཤ་ཏ་བ་ཀ་། ལ་ལ་ཧོཿ།
301b3 མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་ར~ཾ་ཡོ་གི་ནི། ཁ་ར~ཾ་ཊཱ་ཀི་ནི། ཨ་ལ་ལ་ཧོཿ། བྷ་ག་བཱན་ཁ་ཁ་ཁ། ལྷ་མོ་རྣམས་རྔ་རྡུང་། དབྱངས་ལེན། རྒྱུད་གསུམ་གྱི་ཚིག་།ཏེ་གྷེ~ཾ་ཏེ་གྷེ~ཾ། ཏེ་གྷེ~ཾ། ཏེ་གྷེ~ཾ། ཏ་གྷེ~ཾ་ཏ་གྷེ~ཾ། གྷེ~ཾ་གྷེ~ཾ་གྷེ~ཾ། འཕགས་པ
301b4 ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་རིག་སྔགས་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ། ། །། སེམས་དཔའ་ཆེན་པོ་ཉོན་ཅིག་།བསྐལ་པའི་མེ་ལྟར་འབར་བ་ཡི། །འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ན། །ཁྲོ་བོ་ཆེན་པོ་རྣམས
301b5 བཞུགས་པ། །བརྐྱང་བསྐུམ་ཚུལ་གྱིས་གནས་པ་སྟེ། །དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི། །དབུ་དགུ་ཕྱག་ཀྱང་བཅཝ་བརྒྱད་དེ། །གཤོག་པ་རྡོ་རྗེ་གཏམས་པ་གདེང་། །ཞབས་ཀྱང་བརྒྱད་དུ་རྣམ་པར་བསྟན། །དེ་ཡི་དཀྱིལ
301b6 འཁོར་ཁྲོ་བོ་ནི། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེའི་བྲག་སྟེང་ན། །འཇིག་རྟེན་སྐྱོང་བས་འདུད་ཚུལ་ལོ། །དེ་ཡི་ཕོ་ཉ་བཀའ་ཉན་ནི། །རྡོ་རྗེ་ཕྲ་མེན་གཏུམ་བག་ཅན། །འཇིགས་པའི་གཟུགས
301b7 ཅན་མང་པོ་སྟེ། །དེ་དག་ཅིར་ཡང་འགྲུབ་པར་བྱེད། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། རྡོ་རྗེ་སྲིན་མོ་ཆེན་མོ་ནི། །འཇིགས་བྱེད་ཆེན་མོར་སྣང
301b8 བ་སྟེ། །ཕྱག་ཀྱང་སྲིན་པོ་ཆེན་པོ་ལྟར། །འཐུན་ཏེ་ཞབས་ཀྱང་དེ་དང་འདྲ། །དེ་ལྟ་བུ་ཡི་དཀྱིལ་འཁོར་དུ། །རིན་ཆེན་མེ་ཏོག་བོར་ནས་ནི། །ལྕགས་ལ་བབ་པའི་ལྷ་དེ་ནི། །གཉེར་ན་འགྲུབ་པར་ཐེ་ཚོམ་མེད། །དགེ་དང




iiif viewer powered by OpenSeadragon

301a - 302a

Texts on this page

J753 - 'phags pa thabs kyi zhags pa padmo'i phreng zhes bya ba