| | e-texts navigator
|
301a1 གཡས་པ་མགོ་འཛིན་པ། བྱ་ཀངྐའི་མགོ་ཅན་མཆུ་རིང་ཐོར་ཏོ་གུག་ཟེ་བ་དམར་མོ། །ནུབ་བྱང་མཚམས་ན་ཀཱ་ཀ་མུ་ཁ་ཁ་དོག་ནག་མོ། བྱ་རོག་གི་མགོ་ཅན་མཆུས་ཞིང་ཐོགས་པ། ལག་པ་གཡོན་པས་པད་མ་བནྡྷ་འཛིན་པ།
301a2 བྱང་ཤར་མཚམས་སུ་ཨཱུ་ལཱུ་ཀ་མུ་ཁ་ཁ་དོག་སྣ་ཚོགས་ལག་པ་གཡོན་པ་དུང་ཆེན་ཁྲག་གིས་བཀང་པ་ལ་འཐུང་བ་ལ་གཡས་པ་རྡོ་རྗེ་ལྕགས་ཀྱུ་འཛིན་པ། འུག་པའི་མགོ་ཅན། ནང་རིམ་འུག་པའི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ
301a3 རོག་གི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་ཀཱང་ཀ་མཆུ་རིངས་གྱི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་རྒོད་ཀྱི་འཁོར་གྱིས་བསྐོར། དེ་དག་ཐམས་ཅད་ཀྱང་ཞིང་མང་པོ་གསར་རྙིང་སྤུངས་པའི་སྟེང་ན་ཞིང་ལ་རྟོད་པའི་ཕྱིར་འཐབ་པའི་ཚུལ་སྟོན་པ
301a4 ཤ་སྟག་གོ། དེ་དག་གི་སྙིང་པོ་འདི་རྣམས་སོ། །ཧཱུ~ཾ་ཧ་ཧེ་ཕཊ་ཧཱུ~ཾ། འདི་ཀུན་འབྲུ་རེ་རེ་ཡང་ལན་བཞི་བཞི་བརྗོད་དོ། །ཧཱུ~ཾ་གིས་གཙོ་བོ་བསྐྱེད། ཧས་ནང་གི་ལྷ་མོ་བསྐྱེད། ཧེས་ཕྱིའི་ལྷ་མོ་བསྐྱེད། ཕཊ་ཀྱིས་ཐམས་ཅད་ཁྲོས་པར་བསྐུལ།
301a5 ཧཱུ~ཾ་གིས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ཕྱོགས་བཅུར་ཁྱབ་པར་བགྱིའོ། །ལྷ་མོ་བློ་ལྡན་ཚོགས་ཀྱི་བདག་།ཧེ་རུ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །
301a6 དམ་ཚིག་གཉན་པོ་དྲལ་པ་དང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས། །ཁྱེད་ཀྱིས་རྡུལ་དུ་བརླགས་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ཕྱུང་། །དཔལ་ཆེན་པོ་སྟ་ན་དང་འགའ་ནའི་གནས་སུ་ཚོགས་ཆེན་པོ་ལ་གཤེགས་པའི
301a7 ཚེ་སྐུ་གསུང་ཐུགས་ཀྱི་ཁྲོ་བོའི་གཟི་བྱིན་གྱིས་གདུགས་པ་ཐམས་ཅད་གཏན་ནས་འབྱིན་ཅིང་ལོངས་སྤྱོད་ཆེན་པོ་འགྱིང་ཞིང་འགྱིང་བའི་གླུ་བླངས་ཏེ་ཐམས་ཅད་དགྱེས་པར་མཛད་པའི་དབྱངས་འདིས་དགྱེས་པར་མཛད་དོ། །རྡོ་རྗེ་པདྨོའི
301a8 ཕྱག་རྒྱ་དཔྲལ་བར་བཅིངས་ཏེ། ཕྱར་ནས་མཆོང་ཞིང་འཁོར་ཐམས་ཅད་གཅེར་བུར་བྱུང་ནས་སྐྲ་གཤིག་ཅིང་བརྒྱུགས་ཏེ། སྔགས་འདི་གསུངས་སོ། །ོཾ་ཨེ་ཨཱ་ར་ལི་ཧོཿཧྲི~ཾ་ཧྲི~ཾ་ཧྲི~ཾ་ཧྲི~ཾ། དེ་ནས་ཚོགས་སུ་གཤེགས་ནས
iiif viewer powered by OpenSeadragon
300b - 301b