| | e-texts navigator
|
300b1 ལག་པ་གཉིས་ཀྱིས་བཟུང་སྟེ་སྙིང་ག་ནས་ཟ་བ། ཨོཾ་བཛྲ་ཀརྨ་ཧཱུ~ཾ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ལས་གང་བྱ་བ་ཐམས་ཅད་འགྲུབ་བོ། །བྱང་ཤར་གྱི་མཚམས་ན་ཙཎྜ་ལི་ཁ་དོག་སེར་སྐྱ། ཕྱག་གཡས་ན་ཞིང་ཆུང་ངུའི་བནྡྷ་འཛིན་པ།
300b2 གཡོན་གྱིས་ཞིང་དབྱུག་འཛིན་པ། ཨོཾ་བཛྲ་ཙཎྜ་ལི་ཧཱུ~ཾ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཟ་མ་དང་མ་ནིང་ཡང་རྒྱུད་འཕེལ་བར་བྱེད་ན་དབང་པོ་ཚང་ཞིང་ཉམས་པ་མེད་པ་ལ་རྒྱུད་འཕེལ་ཞིང
300b3 ཚེ་དང་དབང་ཐང་འཕེལ་བར་བྱ་བ་ལྟ་ཅི་སྨོས་ཏེ། འཕྲ་མེན་མ་འདི་རྣམས་འཕྲིན་ལས་སྐུལ་བའི་ཚེ་ཨརྒྷ་དང་གཏོར་མ་དབུལ་བ་ནི་གོང་དུ་སྨོས་པ་བཞིན་དུ་བགྱིའོ། །ཁྲོས་ན་ཐམས་ཅད་ཕྱག་ན་ཏྲི་ཤཱུ་ལ་འབར་བ། གཡོན་རྡེའུ་ཆུང་བསྣམས་པ།
300b4 གདན་མེ་སྨུག་ནག་།སྐུའི་ཁ་དོག་ནག་མོ་ལ་ཁྲག་དང་ཞག་དང་ཐལ་བའི་ཐིག་ལེས་ཚོམ་བུར་བྱས་ཤིང་བ་སུ་ཏས་རྐེད་པ་བཅིངས་པ། གསེར་གྱི་ལྤགས་པ་གོ་ཟུར་བགོས་པ་སྲོད་ཏ་ཨ་ཛ་ནས་ལུས་བརྒྱན་ཏེ་གཅེར་བུའི་ཚོགས་སྨུག་གནག
300b5 འབར་བ། གཡོན་རྡེའུ་ཆུང་བསྣམས་པ། གཡས་མེ་སྨུག་ཀུན་ཀ་ཁ་དོག་ནག་མོ་ལ་འཇིག་རྟེན་གྱི་ཁམས་བསྲེགས་ཤིང་། ཟད་པར་བྱས་ནས་སླར་དཔལ་ཆེན་པོའི་སྐུ་ལ་ཐིམ་པར་བྱའོ། །དེ་ནི་ཕྱི་རིམ་བཤད་པར་བྱའོ། །ཤར
300b6 ཕྱོགས་སུ་སིདྷ་མུ་ཁ་ཁ་དོག་སེར་མོ་ཞིང་ཁ་ན་ཐོགས་པ། ལག་པ་གཡས་གཡོན་བསྣོལ་བ། སེང་གེའི་མགོ་ཅན། ལྷོ་ཕྱོགས་ན་བྱ་གྷྲ་མུ་ཁ་ཁ་དོག་དམར་མོ་ལག་པ་གཉིས་བསྣོལ་ཏེ་མདུན་ན་ཞིང་གནས་པ་ལ་ལྟ་བ། སྟག་གི་མགོ་ཅན
300b7 ནུབ་ཕྱོགས་སུ་སྲིན་གླ་མུ་ཁ་ཁ་དོག་ནག་མོ་ལག་པ་གཉིས་ཞིང་ཆུང་ངུ་འཛིན་ཅིང་ལྕེས་ལྔག་པ་ཝ་མགོ་ཅན། བྱང་ཕྱོགས་ན་ཤྭ་ན་མུ་ཁ་ཁ་དོག་མཐིང་ཀ་ཞིང་ལག་པ་གཉིས་ཀྱིས་ཁོང་དྲལ་ཏེ་ལྟ་བ་ཁྱི་མགོ་ཅན། ཤར་ལྷོའི་མཚམས་སུ
300b8 ཀྲྀ་ཌྷ་མུ་ཁ་ཁ་དོག་དམར་གནག་ཞིང་ཆུང་ངུའི་བཱ་སུ་ཏ་ཁ་ན་ཐོགས་པ། ལག་པ་གཡས་བན་ད་གཡོན་གྲི་ཐོགས་པ་བྱ་རྒོད་ཀྱི་མགོ་ཅན། ལྷོ་ནུབ་མཚམས་ན་ཀངྐ་མུ་ཁ་ཁ་དོག་དཀར་དམར་ཕྲག་པ་གཡོན་པ་ལ་ཞིང་ཁེལ་ཞིང་རྐང་པ་ནས་བཟུང་བ།
iiif viewer powered by OpenSeadragon
300a - 301a