| | e-texts navigator
|
295b1 རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་བས་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བྱེད་དོ། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་དབང་གི་ལེའུ་སྟེ། གསུམ་པའོ།། །།
295b2 སེམས་དཔའ་ཆེན་པོ་མཆོད་པའི་མཆོག་ནི་འདི་ལྟར་རིག་པར་བྱའོ། །བདག་མཆོད་ཀུན་མཉེས་ཐམས་ཅད་འདྲངས། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ
295b3 ཞིང་བརྒྱན་པར་བྱ། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་མཆོད་པའི་ལེའུ་སྟེ་བཞི་པའོ།། །། ཀུན་ཏུ་འོད་ཀྱིས་ལས་འདས། །པད་མའི་སྤྱན་དུ་གྱུར་པ་ན། །
295b4 རིག་པའི་བྱིན་བརླབས་ཆེན་པོ་ལས། །རང་འབྱུང་དཀྱིལ་འདུ་འཕྲོ་ཡི་ཚུལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ། །མཚན་དང་དཔེ་བྱད་ཀུན་ལས་གྲོལ། །རྔམ་ཞིང་གཏུམ་པའི་གཟུགས་ཅན་དང་། །མགྱོགས་མ
295b5 མགྱོགས་མའི་ཕོ་ཉར་ལྡན། །དེ་ནི་ཐིག་ལེ་རྡོ་རྗེ་ཡིན། །འདི་ཞེས་གང་ཟག་བདག་མེད་པར། །རྟོགས་པར་བྱ་ཕྱིར་ངས་བཤད་དེ། །མཁས་པས་དེ་ལ་འབྱོར་པར་གྱིས། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ
295b6 ཕྲེང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ། ། །། དེ་ན་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་རིག་པར་བྱའོ། །ཆེན་པོ་ལྔ་ཡང་དེ་བཞིན་གཤེགས། །གཅིག
295b7 ལ་འང་ལྔ་ལྔར་རིག་པར་གྱིས། ཁམས་གསུམ་བདག་ཉིད་ཡིན་པ་སྟེ། །སྐུ་གསུང་ཐུགས་ཀྱང་དེ་ལ་བྱ། །ཡེ་ཤེས་ལྔ་དང་འགྲོ་བ་ལྔ། །མཉམ་པས་སོ་སོ་དབྱེར་མེད་དེ། །སྔགས་དང་ཕྱག་རྒྱ་དབང
295b8 བསྐུར་ན། །སྤྱོད་ཡུལ་ཀུན་དུ་མཎྜ་ལ། །འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་ལས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། །།
iiif viewer powered by OpenSeadragon
295a - 296a