e-texts navigator
Collection
Volume
Page
Wylie

258b1 བཞི་མ་ལུས་ཐམས་ཅད་ཀུན། །རིགས་སྔགས་འཆང་གི་དངོས་གྲུབ་ཏུ། །རྒྱལ་ཆེན་བཞི་ཡང་དབང་དུ་བསྡུས། །བདག་ཉིད་རིགས་བཞིའི་ཧེ་རུ་ཀ་།གོང་དོན་བྱུང་བ་བཞིན་དུ་བསྒོམ། །ལྷ་ཉིད་རྟག་ཏུ་གསལ་གྱུར
258b2 ཅིང་། །ལྷ་ཡི་གཟུགས་ཚུལ་གསལ་བར་བསྒོམ། །བདག་ཉིད་ལྷ་དང་གཉིས་མེད་པར། །ཡང་དག་དོན་དུ་གསལ་བར་བསྒོམ། །དེ་ནས་རྒྱལ་པོ་ཡུལ་འཁོར་བསྲུང་། །གཟུགས་ནི་གངས་རི་ཉི་ཤར་འདྲ། །མཆོད་སྦྱིན་འོད་ཟེར་བརྒྱ་དང
258b3 ལྡན། །ལག་གཡས་རྡོ་རྗེ་ཏྲི་ཤཱུ་ལ། །ལག་གཡོན་བདུད་རྩི་བུམ་པ་གསོལ། །ིན་ཏྲ་སཱ་ཡ་སྭཱ་ཧཱ། ཛཿཧཱུ~ཾ་བ~ཾ་ཧོཿ་ཏྲ་མི་ཏ་ཧཱུ~ཾ་ཧཱུ~ཾ་སུ་ར་ཏ་བ་གྷྲ་ཛཿ་ཛཱ་ཛཱ་ཧཱུ~ཾ་ཧཱུ~ཾ། ཞེས་ལན་འབུམ་བཟླས་ནས། བདག་ཉིད་རྡོ་རྗེ་ཧེ་རུ་ཀ་འདྲེན
258b4 པའི་ཕྱག་རྒྱ་དེ་དག་གིས། །ལྷ་ཡི་དབང་པོའི་སྙིང་ནས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ཉིད་ལྷ་ཡི་དབང་གྱུར་ནས། །ལས་གང་འདོད་པ་བྱེད་དུ་གཞུག་།ཐམས་ཅད་ཐམས་ཅད་གྲུབ་པར་བྱེད། །ཀུན་ལ་འབྱིན་ཅིང
258b5 ཀུན་ལ་ཟ། །ལྷ་ཡི་འཁོར་རྣམས་ཐམས་ཅད་ཀུན། །མ་ལུས་པར་ནི་ཡང་དག་འདུ། །བྲན་བཞིན་དུ་ནི་ཐམས་ཅད་འབྲང་། །རྒྱལ་པོ་འཕགས་སྐྱེས་བསྒྲུབ་པ་ནི། །བདག་ཉིད་རིན་ཆེན་ཧེ་རུ་ཀ་།སྐུ་མདོག་རྒྱུད་ནས་འབྱུང་བ
258b6 བཞིན། །ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ། །འོད་ཀྱི་འཕྲོ་འདུ་བྱིན་བརླབས་ཀྱིས། །འཕགས་སྐྱེས་པོ་ནི་དབང་དུ་བསྡུས། །དྷྲི་ཏ་དྷྲྀ་ཏ་སྭཱ་ཧཱ། ཛཿཧཱུ~ཾ་བ~ཾ་ཧོཿ་གྲྀཧྞ་གྲྀཧྞ་དུ་རྠིད་སྭཱ་ཧཱ། ཧ~ཾ་ཧ~ཾ་ཧ~ཾ། རད་ན་ཛཿ་ཧཱུ~ཾ་བ~ཾ་ཧོཿ་ཞེས་སྙིང
258b7 པོ་ལན་འབུམ་དུ་བཟླས་ཏེ། །སྲོག་དང་ལྡན་པར་ཏིང་འཛིན་བྱ། །བདག་ཉིད་རད་ན་ཧེ་རུ་ཀ་།འཕགས་སྐྱེས་པོ་ཡི་སྙིང་ག་ནས། །ཛཿ་ཡིས་རབ་ཏུ་བཟུང་ནས་ནི། །བདག་གི་མདུན་དུ་དགུག་པར་བྱ། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །
258b8 དེ་ནས་མངོན་སུམ་གྱུར་པ་དང་། །གང་འདོད་ལས་དེ་བྱེད་དུ་གཞུག་།མདོག་ནི་གསེར་གྱི་མདོག་ཏུ་འབར། །འཁོར་རྣམས་ཐམས་ཅད་བདག་ལ་བསྡུ། །ཡིད་བཞིན་རིན་ཆེན་གཞལ་ཡས་འགྲུབ། །རྒྱལ་པོ་མིག་ངན་བསྒྲུབ་པ་ནི། །




iiif viewer powered by OpenSeadragon

258a - 259a

Texts on this page

J752 - gsang ba'i snying po de kho na nyid nges pa