| | e-texts navigator
|
258a1 ཚོགས་བསྟན། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །འདི་ནི་རང་བྱུང་ལྷ་ཡི་ལྷ། །བྱམས་དང་སྙིང་རྗེ་ལྡན་པར་རོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །ཐམས་ཅད
258a2 ཀུན་ལ་སྦྱོར་འགྱུར་ཡང་། །བག་ཆགས་སྩོགས་པར་མི་འགྱུར་ཏེ། །བསོད་ནམས་ཡེ་ཤེས་ཚོགས་འགྱུར་རྫོགས། །ཐབས་མཁས་སྤྱོད་པ་མ་གཏོགས་པར། །གཟུང་འཛིན་འཁྲུལ་རྟོག་རྡུལ་ཙམ་མེད། །དེ་བཞིན་ཉིད་དང་དབྱེར
258a3 མེད་ཕྱིར། །རྟག་ཏུ་རང་བཞིན་འོད་གསལ་གནས། །དེ་ནས་བདག་ཉིད་རྒྱུད་དོན་གོང་ནས་འབྱུང་བ་བཞིན་ལྷ་ཁྲོ་བོ་དང་ཞི་བ་དེ་དག་གང་ལ་གོམས་པར་བསྒོམ། ཏིང་ངེ་འཛིན་ལས་སུ་རུང་བ་ལྷ་གསལ་བར་གྱུར་པ་དང་། རང་གི་ལྷའི
258a4 བཟླས་པ་འབུམ་འབུམ་གདོན་ཏོ། །ལྷ་ཆེན་པོ་ནི་དགུག་པའི་ཕྱིར་ལྕགས་ཀྱུ་ཞགས་པ་སྥོ་ཊ་བ~ཾ། མ་ཧཱ་དེ་བཱ་ཧཱུ~ཾ་ཛཿ། ཛཿ་ཧཱུ~ཾ་བ~ཾ་ཧོཿ་ལྷ་ཡི་དབང་པོའི་སྙིང་ག་ནས། །ཡང་ནས་ཡང་དུ་རྣམ་པར་དྲང་། །མ་མ་ཏྲག་ཤ་མ་ཧཱ་དེ་བ་གྲིཧྞ་གྲིཧྞ་ཧཱུ~ཾ་ཧཱུ~ཾ།
258a5 ལྷའི་གཟུགས་མདོག་ནི་འཚེར་ལ་དཀར། །ལུས་ནི་རིན་ཆེན་ཀུན་གྱིས་བརྒྱན། །གཅུག་ན་ཡིད་བཞིན་རིན་ཆེན་འབར། །ལག་པ་གཡས་ན་ཐོགས་པ་ནི། །ཡིད་བཞིན་རིན་ཆེན་བུམ་ཆུ་གསོལ། །ཡོན་ཏན་རིན་ཆེན་སྣ་ལྔ་སྟེ། །
258a6 ལྷ་རྣམས་ཀུན་གྱི་རེ་བ་སྐོང་། །བཙུན་མོ་ཨུད་མ་ཏ་གནས་པ། །རྟག་ཏུ་འདོད་ཡོན་ལྔ་དང་ལྡན། །བདག་ཉིད་སྣང་མཛད་གཞལ་ཡས་ཁང་། །ལྷ་ཡི་གཟུགས་ནི་སྔ་མའི་ཚུལ། །ལྷ་ཡི་ས་བོན་འབུམ་ཕྲག་ཏུ། །སྲོག
258a7 དང་ལྡན་པར་བཟླས་བརྗོད་བྱ། །མདུན་ནས་ཛཿ་ཧཱུ~ཾ་བ~ཾ་ཧོཿས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །ཇེ་ཉེ་ཇེ་ཉེ་གཉིས་མེད་པར། །ལྷ་ཆེན་པོ་ནི་གསལ་གྱུར་ནས། །ཅི་འདོད་ལས་དེ་བྱེད་དུ་གཞུག་།ལྷ་ཆེན་འཁོར་བཅས
258a8 ཐམས་ཅད་ཀྱང་། །དེ་གྲུབ་དབང་བྱེད་འདུ་བར་འགྱུར། །གང་འདོད་ལས་རྣམས་བྱེད་པར་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་བསྒྲུབ་པའི་ལས་འདི་གསུངས་སོ། །བྱང་ཆུབ་སེམས་མཆོག་ཏིང་འཛིན་གྱིས། །ཕྱོགས
iiif viewer powered by OpenSeadragon
257b - 258b