e-texts navigator
Collection
Volume
Page
Wylie

253b1 པོ་འང་ལྷན་ནེར་འགྱུར། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག་།ལྷན་ནེ་གསལ་བའི་ཕུར་བུས་གདབ། །འབར་བ་ལྷན་ནེའི་ཚོགས་ལ་དབུལ། །ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་བརྒྱུད་དུ་སྦྲེལ་ནས
253b2 བསྡམས། །འབར་བ་ལྷན་ནེར་བྱིན་གྱིས་བརླབས། །ཐམས་ཅད་གཡོ་བ་མེད་པར་འགྱུར། །སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །གང་གི་དམ་ཚིག་རབ་བསྒྲགས་ནས། །གང་འདོད་ལས་དེ་བྱེད་པར
253b3 བསྒོམ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ་།ཤིན་ཏུ་གདུག་ཅིང་གཏུམ་བག་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་བརླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །
253b4 སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །མ་ཐོགས་མྱུར་དུ་མངོན་པར་ཕྱུང་། །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་རང་གིས་མནའ་བོར་བའི། །སྡོམ་བཅས་དེ་ལས་འདའ་མ་བྱེད། །དམ་ཚིག་དེ་ལས་འདས
253b5 གྱུར་ན། །མགོ་ལུས་སྙིང་ཡང་ཚལ་བ་བདུན། །ཡཀྵ་ཁྲོ་བོས་གཏུབས་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་མངོན་དུ་མ་བྱས་ན། །རང་གིས་མནའ་བོར་ཁས་བླངས་བཞིན། །
253b6 རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས། །ཕྲ་མེན་མ་ཡང་དངོས་གྲུབ་འཐོབ། །བཅོལ་བའི་ལས་རྣམས་མངོན་དུ
253b7 བྱོས་ཞེས་བསྒོའོ། །ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ
253b8 ཚིག་ཆེན་མོས་ནི། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱད། །སྦོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ལྷ་ནེར་འདོད་ན་ཐིམ་པར་བྱེད། །རྨུགས་པར་འདོད་ན་མྱོས་པར་བྱེད། །




iiif viewer powered by OpenSeadragon

253a - 254a

Texts on this page

J752 - gsang ba'i snying po de kho na nyid nges pa