| | e-texts navigator
|
244a1 བར་བདག་ཅག་བསྒྲུབ། །འདུག་ནས་སྙིང་པོ་འདི་བཞིན་དབུལ། །ོཾ་ཁ~ཾ་དྷུ་ཧ་སྭཱཧཱ། དབང་ཕྱུག་ལྷ་ཆེན་དཀྱིལ་འཁོར་དང་། །ལུས་དང་ངག་ཉིད་དབུལ་བ་ནི། །འཁོར་གཡོག་བྱེ་བ་བརྒྱད་ཅུ་སྟོང་། །མེ་ཏོག་སིལ་མ་བཀྲམ་པ་དང་། །
244a2 རས་སྟན་འཕར་མ་མང་པོ་དང་། །རིན་ཆེན་བཙལ་དང་བརྡུང་བ་དང་། །རོལ་མོ་གླུ་གར་རབ་ཏུ་སྙན། །རིན་ཆེན་ཁང་པའི་གནས་སུ་ནི། །ལྷ་མོ་མང་པོར་བདག་སྤྱོད་ཅིང་། །རིན་ཆེན་སྣོད་དུ་བདག་ཅག་འཐུང་། །གདུགས་ཀྱིས་རྒྱས་པར་སྟེང་ནས
244a3 གཡོགས། །གཟུགས་མཛེས་པས་ནི་གདའ་བར་བགྱིད། །རིན་ཆེན་མེ་ཏོག་ལ་སོགས་དང་། །ལྷ་ཡི་མེ་ཏོག་ཕྱོགས་སུ་འཐོར། །ལྷ་ཡི་ཚོགས་མང་ཀུན་གྱིས་བསྐོར། །དགྱེས་པའི་དཀྱིལ་འཁོར་འདི་རྣམས་ལ། །མིང་ཙམ་འཛིན་པར
244a4 བྱེད་པ་ཡིས། །ཞབས་ཀྱི་མཐིལ་དུ་འདི་བྲིས་ཏེ། །རང་གི་སྙིང་པོ་འདི་བརྗོད་ན། །དེ་ལ་བྲན་བཞིན་བདག་ཅག་བགྱིད། །གཙུག་ཏུ་བཞག་ནས་བཀུར་བ་དང་། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པ་བདག་ཅག་བསྒྲུབ། །
244a5 དེ་གཟུགས་སྟོན་ཅིང་གདའ་བར་བགྱིད། །ོཾ་སརྦ་དེ་བཱ་མ་ཧཱ་ཨུ་པ་ཧ། །རྒྱལ་པོ་རྣམ་ཐོས་ཡུལ་འཁོར་བསྲུང་། །འཁོར་ཚོགས་སྟོང་ཕྲག་མང་པོ་ཡི། །ལུས་དང་ངག་ཡིད་འབུལ་བ་ནི། །འཁོར་གཡོག་སྟོང་ཕྲག་བྱེ་བ་བརྒྱ། །མེ་ཏོག
244a6 སིལ་མར་བཀྲམ་པ་དང་། །རྒྱན་མང་བྱུག་པ་བཅལ་བཀྲམ་པ། །སྡེ་དཔོན་ཉི་ཤུ་བྱེ་བ་རྣམས། །ཅི་ལེགས་པར་ནི་རབ་ཏུ་སྨྲ། །རིམ་པ་ཆེ་ཞིང་སྲི་ཞུ་གུས། །མཆོད་པར་བྱེད་ཅིང་ལུགས་མཆིས་པའི། །བདག་གི་འཁོར་དང་བཅས་པ་ལགས། །
244a7 རིན་ཆེན་བཅལ་དང་འཐུང་པ་དང་། །རོལ་མོ་གླུ་གར་སྙན་པས་བརྒྱན། །རིན་ཆེན་ཁང་པར་བདག་མཆིས་ཤིང་། །བཞོན་པ་དམག་མངས་འཁོར་བར་མཆིས། །རིན་ཆེན་སྣོད་དུ་ཆང་འཐུང་བ། །གདུགས་ཀྱིས་བརྒྱན་པར་སྟེང་ནས་གཡོག་།གཟུགས
244a8 མཛེས་པས་ནི་གདའ་བར་བགྱིད། །རིན་ཆེན་མེ་ཏོག་ཕྱོགས་སུ་འཐོར། །རྒྱལ་པོའི་ཚོགས་མང་ཀུན་གྱིས་བསྐོར། །དྲི་ཟ་མེད་པའི་བདག་པོ་དང་། །དབང་ལྡན་རླུང་གི་བདག་པོ་རྣམས། །འདི་བཞིན་གུས་པར་བདག་ཅག་བགྱིད། །དགྱེས་པའི་དཀྱིལ
iiif viewer powered by OpenSeadragon
243b - 244b