| | e-texts navigator
|
242a1 མུ~ཾ་གྱིས་ཚོགས་ཀྱིས་དགང་། །རིན་ཆེན་ཕོ་བྲང་དཀྱིལ་འཁོར་ལས། །འཇུག་པའི་ལྷ་ཚོགས་དཀྱིལ་འཁོར་བསྒོམ། །དེ་ལ་གཤོག་པ་རབ་བརྐྱང་སྟེ། །རྡོ་རྗེ་ཐལ་མོ་དྲག་ཏུ་རྡབ། །ོཾ་བཛྲ་ཀྲོ་དྷ་དུ་ན་མུ་ནེ་དུ་ནཱ་གཙྪ། །
242a2 དེ་ནས་ཡིག་འབྲུ་ཤིན་དུ་གཤིག་།དེ་ནས་ཡིག་འབྲུ་ཐ་མ་བསྒྲེང་། །དེ་ནས་ཡིག་འབྲུ་འཕྲུལ་བསྐྱེད་པ། །ང་ཡི་ཆ་ལུགས་འདི་བཟུང་སྟེ། །ས་གཞི་མཉམ་པའི་དཀྱིལ་འཁོར་བསྒོམ། དེ་ལ་ཤིན་དུ་དངངས་གྱུར་ཏོ། །ཕྱོགས་བཅུ
242a3 ཀུན་དུ་འཕྲོས་པར་འགྱུར། །དེ་ལ་བྲན་བཞིན་བྱེད་པར་འགྱུར། །འཁོར་དུ་གཏོགས་པ་ང་ཡི་འཁོར། །འཁོར་མང་ཇི་སྙེད་མཆོག་བྱེད་པ། །གདུག་པ་མང་པོས་གནོད་བསྒྲུབ་ཕྱིར། །རྫས་ལ་མེས་ནི་རབ་སྦར་ནས། །ང་ཡི
242a4 སྙིང་པོས་བརྗོད་ནས་འབྱུང་། །དེ་ལ་ཡིག་འབྲུ་དྲུག་བརྗོད་ན། །དེ་ལ་གནོད་པར་མི་ནུས་ཤིང་། །གདུག་པས་མཆོད་ཅིང་བཀུར་བར་འགྱུར། །དེ་ཡི་ནད་རྣམས་སོས་པར་འགྱུར། །མངོན་སུམ་སྣང་བའི་གཟུགས་བརྙན་དང་། །མཆོག་དང་ཐ་མ་འབྲིང་རྣམས་ལ། །གདུག
242a5 པའི་ཚོགས་ཀྱིས་ཞེན་པ་ནི། །སྙིང་ཀར་ཨ~ཾ་གྱི་འབྲུ་རྣམས་ཏེ། ཁ་དོག་དམར་པོ་འབར་བའི་ནང་། །གཟུགས་སུ་སྣང་བ་ཀུན་བཞུན་ཏེ། །ཐུབ་པའི་ངང་ཚུལ་དེ་བསྒོམས་ནས། །རིན་ཆེན་ཡིག་འབྲུ་ཡི་གེ་བསམ། །དེ་ལས་རབ་ཏུ་འཇིགས་པར་བརྐྱང་། །
242a6 ཡིག་གེ་དང་པོ་ཐ་མ་མིག་།~ཾ་གྱི་ཚོགས་སུ་འབར་བ་གཞན། །མི་བསྐྱོད་ཉིད་མས་བེ་ཅོན་འཆང་། །ཐོད་པའི་དབྱིག་བར་ཆད་ནས་ནི། །ལྕེ་ལ་སྔགས་འདི་དྲན་པ་ཡིས། །རྒྱལ་བ་ཀུན་གྱིས་དབང་བསྐུར་ཞིང་། །གདུག་པའི་ཀླུ་རྣམས
242a7 འདུལ་འགྱུར་ཏེ། །ཕྱོགས་བཅུ་ཀུན་དུ་འབྲོས་པར་འགྱུར། །དེ་ལ་མཆོད་དང་བྲན་དུ་འགྱུར། །ོཾ་མུ་ནེ་པད་མ་ས་མ་ཡོ་གི་ཧཱུ~ཾ་ཧཱུ~ཾ་ཛ་ཛ། །འདི་ལ་གོམས་པར་གང་བརྩོན་པས། །ང་ཡི་ཆ་ལུགས་འདི་བཟུང་ནས། །བཀུར་གནས་མཆོད
242a8 པར་བྱེད་པ་དང་། །སྒྲུབ་པ་ཐམས་ཅད་མྱུར་པར་འགྱུར། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཀླུའི་ཚོགས་ཀྱི་གདུག་པའི་ལས་འདུལ་བའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །། དེ་ནས་བཅོམ་ལྡན
iiif viewer powered by OpenSeadragon
241b - 242b