| | e-texts navigator
|
234b1 བསྒོམ། །འབྲུ་གཅིག་འབྲུ་གསུམ་འབྲུ་ལྔ་བསྒོམ། །བཞི་བཅུ་རྩ་གཉིས་མ་ལུས་དང་། །སངས་རྒྱས་དཀྱིལ་འཁོར་ཚང་བར་བསྒོམ། །ང་མེད་བདག་མེད་ཕྱག་རྒྱར་གསལ། །དེ་ལས་ལོངས་སྤྱོད་ལྔ་ཀུན་དང་། །ཡེ་ཤེས་ལྔ་དང་རིགས་ལྔ་དང་། །
234b2 ལྷ་མོ་ལྔ་དང་སྨན་ལྔར་བསྒོམ། །ོཾ་ཧཱུ~ཾ་ཏྲཱ~ཾ་ཧྲཱིཿ་ཨཿོཾ་བཛྲ་ཨ་མྲྀ་ཏེ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུ~ཾ་ཕཊ། ཨོཾ་བི་ཤུད་དྷེ་ཨ་མྲྀ་ཏེ་ཧཱུ~ཾ་ཕཊ། ཨོཾ་དྷརྨ་ཨ་མྲྀ་ཏེ་ཧཱུ~ཾ་ཕཊ། ཨོཾ་ཨཱཿཧཱུ~ཾ་ཅེས་བརྗོད་པས་ཐམས་ཅད་དག་པར་གྱུར། བདུད་རྩིར་གྱུར། ས་ཆུ་མེ་རླུང་ནམ་མཁའ
234b3 རྣམས། །རང་བཞིན་མེད་པར་གཞིག་པའི་ཕྱིར། །གཅིག་ལ་ལྔ་ལྔར་དབྱེ་བྱ་ཞིང་། །མུ~ཾ་གི་དབྱིངས་སུ་བསྟིམ་པར་བྱ། །འབྱུང་བ་ཆེ་རྣམས་དེ་དག་ལ། །ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ། །རིགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང་། །
234b4 འབྱུང་བ་སོ་སོའི་མཚན་ཉིད་དེ། །ཡུམ་ལྔ་དག་ཏུ་བསྒོམ་པར་བྱ། །དེ་རིགས་ཡེ་ཤེས་ལྔ་ཉིད་དོ། །རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ན། །དེ་ལྟར་གྱུར་ཅིང་སྐྱེས་པ་ཀུན། །སྨོས་ཅི་དགོས
234b5 ཏེ་དེ་ཉིད་ཡིན། ། ཧོཿེ་མའོ་ལྷག་པའི་བྱིན་བརླབས་ཀྱིས། །བདག་ལ་ལྷ་རྣམས་བསྡུ་བར་བསྒོམ། །དེ་ནས་ལྷ་དང་གཉིས་མེད་ནས། །བདག་ཉིད་ཡི་གེ་ཨོཾ་དང་མུ~ཾ། །གཉིས་དང་བདག་དང་དབྱིངས་སུ་ཐིམ། །བདག་ཉིད་བདུད་རྩི་འཁྱིལ་བར་བསྒོམ། །སྐུ་མདོག
234b6 གངས་ལ་ཉི་ཤར་འདྲ། །ཟླ་བ་པད་མ་གདན་ཁྲི་ལ། །ཉི་མ་སྟོང་གི་གདན་ཁྲི་ལྡན། །ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར། །ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བཅས། །གནས་དང་ཡུལ་གྱི་ཕྱག་རྒྱས་མཛེས། །སླས་དང་བྱི་མོ་ཚོགས་ཀྱིས་བསྐོར། ། ཧོ་འཁོར་ལོ
234b7 རྩིབས་བཞི་མུ་ཁྱུད་བཅས། །དབུས་སུ་བདུད་རྩི་འཁྱིལ་པ་སྟེ། །ཤར་གྱི་རྩེ་ལ་རྡོ་རྗེ་འོ། །ལྷོ་ཡི་རྩེ་ལ་རིན་པོ་ཆེ། །ནུབ་ཀྱི་རྩེ་ལ་སྣང་མཐའ་ཡས། །བྱང་གི་རྩེ་ལ་དོན་ཡོད་གྲུབ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཕྱག་རྒྱ་རྣམས་ཀྱང་གསལ་བར
234b8 བསྒོམ། །སྙིང་པོ་འབྲུ་ཚིག་གསལ་བར་བཟླས། །དེ་ལ་བདུད་རྩིའི་ཕྱག་རྒྱ་ནི། །བུམ་པ་གང་བ་ཡིད་བཞིན་འབར། །རེ་བ་ཡིད་བཞིན་སྐོང་བར་བྱེད། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །
iiif viewer powered by OpenSeadragon
234a - 235a