e-texts navigator
Collection
Volume
Page
Wylie

233a1 ཨོཾ་ལཱ~ཾ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་གཟུགས་ལམ་མཆོག་གྲུབ་པའོ། །དེ་ཉིད་མཉམ་ཉིད་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །
233a2 སྭཱ~ཾ་ལམ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཁྱད་པར་ལམ་མཆོག་གོ་། ཆོས་དབྱིངས་རྟོགས་པ་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །
233a3 ཨོཾ་ལམ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་གསུམ་མཆོག་གྲུབ་པའོ། །ཆོས་དབྱིངས་བྱ་བ་མཉམ་སྦྱོར་བས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །
233a4 ཧཱ~ཾ་ལམ་ཨ་ཡི་ཚོགས་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ནི་འཕྲིན་ལས་ཡེ་ཤེས་སོ། །དེ་ལས་ཏིང་འཛིན་སྒྱུ་འཕྲུལ་བསྒོམ། །དྲ་བའི་དཀྱིལ་འཁོར་མཆོག་ཉིད་ནི། །རྩེ་བཅུ་རིགས་ཀྱི་ཕྱག
233a5 རྒྱ་བསྒོམ། །དེ་ཉིད་ཧ་དང་ཀྵཿཉིད་དེ། །མུ~ཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །སངས་རྒྱས་སྒྱུ་འཕྲུལ་མཆོག་ཉིད་ལས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ། །དེ་ཉིད་ཧཱུ~ཾ་ལམ་ཕྱག་བསྣམས་པ། །རྩེ་བཅུ་རྒྱན་གྱིས་རྣམ་པར་བརྒྱན། །
233a6 ཡང་ན་རྩེ་ལྔ་ཐུགས་ཀྱི་ཐུགས། །དབུས་ནས་ཧཱུ~ཾ་གི་ལོ་ཙ་ན། །ལྕགས་ཀྱུ་འཛིན་པར་རྒྱ་བཅིངས་ཤིང་། །ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་གིས་ལན་གསུམ་དུ། །རང་ལུས་ངག་ཡིད་བྱིན་གྱིས་བརླབ། །མུ~ཾ་གི་ཚོགས་ཀྱི་ལྷ་རྣམས་བསྐུལ། །འབྲུ་ལྔ་རྒྱ་བཅིངས་བྱིན་གྱིས
233a7 བརླབ། །བསྐྱེད་པ་རྫོགས་པར་གསོར་བ་ཡིས། །བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བྲི། །ཞི་བ་རྒྱས་པ་ལན་གསུམ་གྱིས། །དེ་འདོད་ལས་རྣམས་གྲུབ་པར་འགྱུར། །བཅུ་པ་དྲག་པོ་མཐིང་གནག་དབུད། །འགྱིང་བའི་གར་གྱིས
233a8 གསོར་བ་ཡིས། །གསུང་སྙན་སྒྲ་ཡི་བྲོ་རྡེབས་པའི། །ཕྱག་རྒྱ་བརྒྱད་དུ་སྦྱོར་བས་ན། །ཕཊ་ཕཊ་ཧཱུ~ཾ་གིས་གསོད་པ་ཡིན། །སྙིང་པོ་ཐུགས་བརྟག་ཕྱག་བསྣམས་པ། །སྐུ་གསུང་ཐུགས་ཀྱི་རྒྱལ་པོ་ལས། །བསོད་ནམས་ལུས་འཇིག་དབང




iiif viewer powered by OpenSeadragon

232b - 233b

Texts on this page

J752 - gsang ba'i snying po de kho na nyid nges pa