e-texts navigator
Collection
Volume
Page
Wylie

222a1 འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་ཁྱབ་པར་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས།
222a2 རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་དུ་ཤིག་ཤིག་གོ། གཏོར་གཏོར་རབ་ཏུ་གཏོར་གཏོར།
222a3 ཀུན་དུ་གཏོར་གཏོར་རོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེ་བ་དང་མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ་པོ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས
222a4 པ་ཨ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་དུ་རྔམ་པའི་སྐྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོ་ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུ་གསུམ
222a5 ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གིས་རྒྱ་མཚོའི་དཀྱིལ་འཁོར་ཀེང་རུས་ཆེན་པོར་རི་རབ་ཀྱི་སྟེང་གི་འབར་བ་ཆེན་པོའི་ཀློང་གི་འཁྲོ་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ
222a6 ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་བཞུགས
222a7 སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པད་མར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་།
222a8 རྔམ་པའི་ང་རོ་དང་། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་། གནོད་སྦྱིན་དང་། གཤིན་རྗེ་ལ་སོགས་པ་ཁྱོད་ཤུག་གིས་གདན་དུ་བྱས་པ་ལ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོའི་སྐུ་ལ




iiif viewer powered by OpenSeadragon

221b - 222b

Texts on this page

J752 - gsang ba'i snying po de kho na nyid nges pa