| | e-texts navigator
|
214b1 གཟུགས་སུ་བསྒྱུར། །སྣ་ཚོགས་འཕྲིན་ལས་རྣམ་པར་རོལ། །དོན་གྱི་སྙིང་པོ་མཆོག་རྣམས་ཀྱང་། །བྱང་ཆུབ་ཕྱོགས་རྣམས་རབ་ཏུ་རྫོགས། །འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར། ། ཧོཿ་ཆོས་སྐུ་ཕྱག་རྒྱ་དེ་དག་ལས། །ལས་ལྔའི
214b2 དཀྱིལ་འཁོར་རབ་ཏུ་བསྒྲུབ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དྲག་པོ་གཏུམ་པོ་གདུལ་བའི་ཕྱིར། །བདག་ཉིད་དྲག་པོ་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིང་ག་མནན་པར་བྱ། །
214b3 གཏུམ་པོ་རྔམ་པོ་འང་རྙག་པར་འགྱུར། །མི་མཐུན་ཕྱོགས་ཀྱང་རྡུལ་དུ་རློག་།འདི་དང་འགྲོ་བ་ཐམས་ཅད་དུ། །ཤིན་དུ་སྟོབས་དྲག་ཆེ་ལྡན་འགྱུར། །ཐམས་ཅད་གཉིས་མེད་དབྱིངས་བསྡུའི་ཕྱིར། །བདག་ཉིད་ཧ་ཡ་གྲཱི་བར་བསྒོམ། །དམར་པོའི་ཆོས
214b4 སྐུ་གསལ་བསྒོམས་ཏེ། །མི་མཐུན་ཕྱོགས་རྣམས་གདན་དུ་གདིང་། །ཏིང་འཛིན་གསལ་བས་བྱིན་བརླབས་ན། །ཐམས་ཅད་མ་ལུས་དབང་དུ་བསྡུ། །མཐུ་ཆེན་དག་ཀྱང་ཕྱི་བཞིན་འབྲང་། །ཅི་འདོད་ལས་རྣམས་བྱེད་པར་འགྱུར། །ཐམས་ཅད་ཡོན་ཏན
214b5 འཕེལ་བྱའི་ཕྱིར། །བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ། །གསེར་གྱི་མདོག་འདྲ་ཕྱག་རྒྱར་བསྒོམ། །གང་འཕེལ་ཆོས་སྐུ་གདན་དུ་གཞག་།དེ་ལྟར་དག་པས་བྱིན་བརླབས་ན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །
214b6 ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །གཏུམ་ཁྲོ་མ་ལུས་ཞི་བྱའི་ཕྱིར། །དཀར་ཞིང་འཚེར་བའི་ཆོས་སྐུ་བསྒོམ། །གང་ཞིག་གཏུམ་ཁྲོ་ཞི་བའི་གདན། །དེ་བཞིན་ཏིང་འཛིན་བྱིན་བརླབས་ན། །
214b7 གཏུམ་པོ་རྔམ་པོ་འང་ཞི་བར་འགྱུར། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །ཞི་ཞིང་དུལ་བ་ཉིད་དུ་འགྱུར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །རྣམ་བཞི་དཀྱིལ་འཁོར་དབྱིངས་སུ་བསྡུས། །བྱ་བྱེད་མེད་པར་དཀྱིལ་འཁོར
214b8 སྤྱོད། །ལྷུན་འགྲུབ་དཀྱིལ་འཁོར་ཡེ་ནས་རྫོགས། ། ཧོཿ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ནི། །དངོས་གྲུབ་གང་འདོད་སྦྱིན་པར་ངེས། །ཉེ་བའི་ལྷ་ནི་གང་བསྒྲུབ་པ། །ཕྱག་རྒྱའི་སྙིང་པོ་བྲིས་བཅུག་ན། །གང་བསྒོམས་ཐེ་ཚོམ་མེད་པར
iiif viewer powered by OpenSeadragon
214a - 215a