e-texts navigator
Collection
Volume
Page
Wylie

213a1 ཁམས་ཀུན་བཀང་བ་ཡིན། །དེ་ལས་ཆོས་སྐུ་གསུང་འབྱུང་བ། །མུ~ཾ་གྷ་ཛྭ་ལཱ་ན་ལཱརྐ་མུ~ཾ་ཞེས་བརྗོད་པས་ཕྱག་རྒྱའི་ཚོགས་སུ་སྣང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚོན་ཆ་དམ་ཚིག་ཕྱག་རྒྱ་གླུའི་ལེའུ་སྟེ
213a2 བཅཝ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་ཐབས་དང་། ཤེས་རབ་འབྱུང་བ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ནས་ཡིད་དང་ཆོས་འཐུན་པར། །ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་འཆང་། །ཤེས་རབ་དྲིལ་བུ
213a3 ཆོས་ལ་བརྟན། །ཧཱུ~ཾ་དང་མུ~ཾ་གི་སྙིང་པོ་འབར། །དེ་ལས་རྡོ་རྗེ་རྩེ་བཅུར་འབར། །ོཾ་དང་མཱུ~ཾ་གི་མཆོག་ཏུ་བརྟག་།ཤེས་རབ་ཉི་ཟེར་ཟླ་རྒྱས་ཐབས། །འབར་བའི་ཕུང་པོས་ཆོས་ལ་བརྟེན། །དེ་ལས་གཟུང་ཐབས་གཉིས་ཀྱིས་ནི། །འབྲུ་ལྔ་ཕྱག
213a4 རྒྱ་ཉིད་དུ་སྟེ། །དེ་ལས་རྡོ་རྗེ་ཕྱག་བསྣམས་གསོར། །དེ་ལས་འཁོར་ལོ་ཕྱག་བསྣམས་གསོར། །དེ་ལས་ནོར་བུ་ཕྱག་བསྣམས་པ། །དེ་ལས་པད་མ་ཕྱག་བསྣམས་འཛིན། །དེ་ལས་རལ་གྲི་ཕྱག་བསྣམས་གཅོད། །དེ་ཉིད་རྡོ་རྗེ
213a5 ཕྱག་བསྣམས་པ། །ཐབས་ཆེན་དྲུག་ཏུ་ཡང་དག་གསོར། །དེ་ལས་རྡོ་རྗེ་གཟུང་ཐབས་གཉིས། །ོཾ་དང་མཱུ~ཾ་གྱི་མཚོན་བཞིན་དུ། །རྡོ་རྗེ་རྩེ་བཅུ་ཐབས་ཆེན་པོ། །ཐུགས་ཀར་བསྟན་པའི་ཚུལ་དུ་འབར། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་ན་མི
213a6 འཇིགས་ཐུགས་ཀར་འཛིན། །མཱུ~ཾ་ལས་ཕྱག་རྒྱ་ཆེན་པོ་ནི། །དྲི་བསིལ་འབར་བས་སངས་རྒྱས་ཡུམ། །མཆོད་གནས་ཆོས་ལ་བརྟེན་པར་འཛིན། །ཐམས་ཅད་ཀུན་དུ་ཕྱག་རྒྱ་ཡི། །ཐབས་དང་ཤེས་རབ་རྡོ་རྗེ་འཆང་། །སྐུ་གསུང་ཐུགས་ནི་ཐམས་ཅད་པ། །ཡོན་ཏན
213a7 འཕྲིན་ལས་ཀུན་ཏུ་རྫོགས། །སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པའི། །སངས་རྒྱས་རྡོ་རྗེ་འཆང་དུ་དམིགས། །དེ་ལས་རྡོ་རྗེ་མཆོག་བསྣམས་པ། །དེ་ལས་མི་བསྐྱོད་ཉི་མའི་ལམ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས། །ོཾ་ཧཱུ~ཾ་སྭཱ~ཾ་གྱི་རྩེར་འཛིན་པ། །ཉིད་ཡས
213a8 ཡང་དག་བསྐྱེད་ཚུལ་དུ། །ཤེས་རབ་ཡུམ་དུ་ཤིན་དུ་བརྟགས། །རྡོ་རྗེ་འབར་བས་རབ་བརྟེན་པ། །ཐབས་ཆེན་ཡིད་ནི་སངས་རྒྱས་ཡབ། གཅིག་དང་དུ་མ་ཡོངས་ཀྱིས་མེད། །དེ་ལས་འགྲོ་དོན་འཕྲིན་ལས་ཆར། །ཡིད་དང་ཆོས་སུ་རབ་བརྟགས་པའི། །རྡོ་རྗེ་འཆང




iiif viewer powered by OpenSeadragon

212b - 213b

Texts on this page

J752 - gsang ba'i snying po de kho na nyid nges pa