e-texts navigator
Collection
Volume
Page
Wylie

210b1 འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིག་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་བརྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་ཡིས། །ཐམས་ཅད་རིན་ཆེན་ཉིད་པས་ན། །ནམ་མཁའ་ཁམས་ཀུན་བཀང་བ
210b2 ཡིན། །དེ་ལས་རིན་ཆེན་གསུང་འབྱུང་བ། །སྭ~ཾ་རད་ན་ཛྭ་ལཱ་ན་ལཱརྐ་སྭཱ~ཾ་ཕཊ། ཧཱ~ཾ། ལུས་ངག་ཡིད་གསུམ་འཕྲིན་ལས་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །ལས་ཀྱི་སེམས་དཔའ་དཔའ་བོ
210b3 ཡིན། །ལས་ཀྱི་སེམས་དཔར་ང་གནས་པས། །ཡེ་ཤེས་རལ་གྲི་འདེབས་ཤིང་སྤྲོ། །ེ་མ་འོ་ལས་ཀྱི་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན
210b4 མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་བཏབ། །ཧཱ~ཾ་རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །རལ་གྲི་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་རལ་གྲི་འཆང་ཞེས་བྱ། །ཧཱ~ཾ་ཇི་ལྟར་རྒྱལ་པོ་རང
210b5 གི་རྒྱལ། །རྒྱལ་པོའི་གཙིགས་ནི་བཏབ་པ་བཞིན། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་དུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས། །
210b6 བདག་ཉིད་ཆེན་པོའི་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཧ~ཾ་རལ་གྲི་རལ་གྲི་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིག་དང
210b7 བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འདུ་ཕྲོ་འདིས། །ཐམས་ཅད་རལ་གྲི་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལས་འཕྲིན་ལས་གསུང་བྱུང་བའོ། །ཧཱ~ཾ་ཀརྨ
210b8 ཛྭ་ལཱ་ན་ལཱརྐ་ཧཱུ~ཾ་ཕཊ། མུ~ཾ་ལུས་ངག་ཡིད་གསུམ་དྲིལ་བུ་ལས། །སྐུ་གསུང་ཐུགས་ཉིད་གཏུམ་པོར་འགྱུར། །བསྐོར་ཐབས་ཆེ་བའི་མཆོག་ཚུལ་དུ། །རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར




iiif viewer powered by OpenSeadragon

210a - 211a

Texts on this page

J752 - gsang ba'i snying po de kho na nyid nges pa