e-texts navigator
Collection
Volume
Page
Wylie

209b1 གསུམ་འཁོར་ལོ་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྣང་མཛད་འཁོར་ལོ་དཔའ་བོ་ཡིན། །སྣང་མཛད་འཁོར་ལོ་རང་གནས་པས། །ཡེ་ཤེས་འཁོར་ལོ་གསོར་ཞིང་སྤྲོ། །ེ་མའོ་འཁོར་ལོ་ཆེ་མཆོག་གི། ཉིད་ཀྱི་མཚན་དུ
209b2 གསོལ་པ་ནི། །ཅིས་ཀྱང་མ་ཤིགས་མི་ཕྱེད་པས། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །འཁོར་ལོ
209b3 འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་འཁོར་ལོ་འཆང་ཞེས་བྱ། །ཧཱུ~ཾ། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་དུས་ལ་བརྩོན་པ
209b4 ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན
209b5 ཕྱིར་རོ། །ོཾ། འཁོར་ལོ་འཁོར་ལོ་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བའི་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་གཞིག་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །ཧཱུ~ཾ། བཙན་ཞིང
209b6 འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་འཁོར་ལོ་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལས་འཁོར་ལོ་གསུང་འབྱུང་བ། །ོཾ་ཙཀྲ་ཛྭ་ལཱ་ན་ལཱརྐ་ཧཱུ~ཾ་ཕཊ། ཨོཾ། ལུས་ངག་ཡིད་གསུམ་པད་མ་ནི། །སྐུ་གསུང
209b7 ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །པད་མ་སེམས་དཔའ་དཔའ་བོ་ཡིན། །པད་མ་སེམས་དཔའ་རང་གནས་བས། །པད་མ་དགྲ་སྟ་གསོར་ཞིང་སྤྲོ། །ེ་མའོ་པད་མ་ཆེ་མཆོག་གི། ཉིད་ཀྱི་མཚན་དུ་གསོལ་བ་ནི། །
209b8 ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མི་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་བཏབ། །རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །པད་མ་འཆང་རྒྱལ་ཐམས་ཅད་ཀྱིས། །རང་གི




iiif viewer powered by OpenSeadragon

209a - 210a

Texts on this page

J752 - gsang ba'i snying po de kho na nyid nges pa