| | e-texts navigator
|
209a1 གྲམ་གནས་བར་བཤད། །ཧ་ཏྲུ~ཾ་ཨ་བྷ~ཾ། ཕྱག་རྒྱ་བརྡ་ཚིག་ཆེན་པོ་འདིས། །སངས་རྒྱས་དཀྱིལ་འཁོར་མཛེས་པར་སྣང་། །རང་བཞིན་དཀྱིལ་འཁོར་ཕུན་སུམ་ཚོགས། །གླུ་གཉིས་ཕྱག་རྒྱ་ལྡན་པ་ཡིས། །ས་ལེར་གསལ་བའི་དཀྱིལ
209a2 འཁོར་འབེབས། །ཕྱག་རྒྱ་སྤྲོས་པ་ཆེན་པོས་ནི། །གཟུང་དང་འཛིན་པ་རྣམ་གཉིས་པ། །དག་པར་གསལ་བས་ཕྱག་རྒྱ་ཡིན། །ཡི་གེ་སོ་སོ་གསལ་བ་ཡིས། །གར་དུ་བསྒྱུར་བས་མྱ་ངན་འདས། །ཛཿ་དང་ཧོཿ་ལ་སོགས་པ་ཡིས། །གར་དུ་བསྒྱུར་བས་རྡོ་རྗེར
209a3 འཆིང་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་མཚོན་ཆ་དམ་ཚིག་ཅེས་བྱ་བའི་གླུ་འདི་བླངས་སོ། །ཧཱུ~ཾ་ལུས་ངག་ཡིད་གསུམ་རྡོ་རྗེ་ནི། །སྐུ་གསུང
209a4 ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །རྡོ་རྗེ་སེམས་དཔའ་རང་གནས་པས། །ཡེ་ཤེས་རྡོ་རྗེ་གསོར་ཞིང་སྤྲོ། །ེ་མའོ་རྡོ་རྗེ་ཆེ་མཆོག་ནི། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན
209a5 མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལ། །རྡོ་རྗེ་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་རྡོ་རྗེ་འཆང་ཞེས་བྱ། །ཧཱུ~ཾ། །ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོ
209a6 གཙིགས་ལ་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་དུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོར་མཚན་མའི
209a7 གཟུགས། །ཧཱུ~ཾ། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །རྡོ་རྗེ་རྡོ་རྗེ་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིག་དང་བཅོམ་ལ་སོགས། །དཀྲུགས
209a8 ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་རྡོ་རྗེ་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལས་རྡོ་རྗེ་གསུང་འབྱུང་བའོ། །ོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུ~ཾ་ཕཊ། །ོཾ། ལུས་ངག་ཡིད
iiif viewer powered by OpenSeadragon
208b - 209b