e-texts navigator
Collection
Volume
Page
Wylie

206a1 ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏ་ཏ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ
206a2 ཨཱཏ་མ་ཀོུ྅ཧ~ཾ། ཞེས་བརྗོད་པས་ཐིམ་པར་གྱུར་ཏོ། །གསལ་བར་གྱུར་ཏོ། །འབར་བར་གྱུར་ཏོ། །ེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །
206a3 སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱས་ཆོག་།རྒྱུད་མཆོག་རྒྱུད་ཆེན་དྲ་བ
206a4 ལས། །བདེ་ལྡན་གསུང་གི་དོན་འབྱུང་བ་འང་། །ཐམས་ཅད་པད་མའི་ངང་གྱུར་ན། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་ལྟར་བརྗོད་ཀྱང་གསུང་མཆོག་སྟེ། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས
206a5 ཅད་སྐད། །བྱང་ཆུབ་རྡོ་རྗེ་གསུང་དུ་བསྡུས། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །སྒྲ་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར
206a6 མཇལ། །དཔེར་ན་དེ་བཞིན་སྤྲིང་བསངས་བཞིན། །གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ། འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཐེག་པ་མཐོ་དམན་བསམ་ཡས་ཀྱང་། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །གདུལ་བའི་ཐབས་སུ
206a7 སོ་སོར་ཐོས། །ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས། །འགྲོ་དོན་སྣ་ཚོགས
206a8 སོ་སོར་གསལ། །གསལ་ཉིད་གསུང་གི་རྡོ་རྗེ་མཆོག་།དེ་བཞིན་གསུང་གིས་འགྲོ་དོན་རྣམས། །དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་བསྡུ་བ




iiif viewer powered by OpenSeadragon

205b - 206b

Texts on this page

J752 - gsang ba'i snying po de kho na nyid nges pa