e-texts navigator
Collection
Volume
Page
Wylie

200b1 ཀྱི་མཆོག་། ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག་།ཚ་ནི་སྙན་གྱི་སྐུ་ཡི་མཆོག་།ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག་།ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག་།ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག་།
200b2 ཕ་ནི་སྙན་གྱི་གསུང་མཆོག་སྟེ། །བ་ནི་ཤངས་ཀྱི་གསུང་མཆོག་ཡིན། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག་།མ་ནི་གསུང་ཡང་འཇིག་པར་བྱེད། །ཡ་ནི་སྐྱེ་བ་རྣམ་པར་དག་།ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིག་པ་དག་པ་སྟེ། །ལ་ནི
200b3 སྟོང་པ་དག་པའོ། །ཤ་ནི་རྟག་མེད་དག་པ་སྟེ། ཥ་ནི་ཆད་པ་འང་ཡོད་མ་ཡིན། །ས་ནི་མཐའ་བྲལ་བདག་མེད་པ། །ཧ་ནི་མཚན་མ་མེད་པ་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ུ་ནི
200b4 རྡུལ་སྙེད་མི་རྣམས་སུ། །ཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ེ་ནི་རྡུལ་སྙེད་ཡི་དགས་སུ། །ཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ོ་ནི་ཐམས་ཅད་འཇིག་པར་བྱེད། །ཽ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང
200b5 ཐུགས་ཀྱི་ཕྲེང་བ་བསྡུས། ། ཧོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་། ། ཧོ། །ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང
200b6 ཆུབ་སེམས་ཆོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བའི་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་བའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། ། ཧོ། །
200b7 རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེའི་ཕྲེང་བ་འཁོར་ལོ་བཀོད་པའི་ལེའུ་སྟེ་དྲུག་པའོ།། །།
200b8 དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཤིན་དུ་གསང་བའི་གསང་སྔགས་ཀྱི་རྒྱུད་དེའི་ཕྱི་བ་དང་ནང་པ་ཐབས་ཀྱི་རྒྱུད་གཞན་ལས་ཁམས་བཅཝ་བརྒྱད་དུ་བསྟན། གཙུག་ལག




iiif viewer powered by OpenSeadragon

200a - 201a

Texts on this page

J752 - gsang ba'i snying po de kho na nyid nges pa