e-texts navigator
Collection
Volume
Page
Wylie

200a1 མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་དུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་དུ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ནི་སྟོང་དང་མི་སྟོང་གི་།
200a2 དབུ་མ་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེའི་ཕྲེང་བ་ཉིད་ལ་གནས། ། ཉིད་སྣ་ཚོགས་བར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །
200a3 མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ེ་མ་འོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཀུན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེ་རང་བཞིན་སེམས། །
200a4 བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཆོགས་ཀྱིས། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི
200a5 བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །སེམས་ནི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ནི་ངོ་མཚར
200a6 གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །མགོ་ནི་མ་ནོར་ལམ་ཡིན་ཏེ། །ཚིག་ནི་ཤེས་རབ་མིང་དུ་སྨྲས། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །
200a7 ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཎ་ནི་ཀུན་དུ་སྒྱུ་འཕྲུལ་ཉིད། །ཐ་ནི་དྲ་བས་མངོན་རྫོགས་ཉིད། །ཏ་ནི་དྲ
200a8 བས་བརྟན་པ་ཉིད། །ད་ནི་དྲ་བས་ལྷམ་མེ་ཉིད། །དྷ་ནི་དྲ་བས་འཁྱིལ་བ་ཉིད། །ན་ནི་དྲ་བས་ཀུན་ཏུ་འགྱུར། །ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག་ཁ་ནི་སྙེན་གྱི་ཐུགས་ཀྱི་མཆོག་།ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག་།གྷ་ནི་ལྗགས་ཀྱི་ཐུགས




iiif viewer powered by OpenSeadragon

199b - 200b

Texts on this page

J752 - gsang ba'i snying po de kho na nyid nges pa