| | e-texts navigator
|
199b1 ལོག་རྟོག་བདག་དང་བདག་གིར་འཛིན་གྱུར་ན། །དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར། །ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས
199b2 པ་ནི། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ནམ་མཁའི་དབྱིངས་ནི་དེ་ཉིད་བསམས་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མངས་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི
199b3 དབྱིངས་ལ་གྱུར་ཅིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། །སྐུ་གསུང་ཡོན་ཏན་འཕྲིན་ལས་རྨད་བྱུང་དང་། །འཇིག་རྟོག་གཙོ་མཆོག་མ་ལུས་ཐམས་ཅད་དང་། །འཁྲུལ་འཁོར་སྡུག་བསྔལ་སྣ
199b4 ཚོགས་རྣམ་མང་ཡང་། །དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་རིགས་རྒྱུད་ཆད་པ་དང་རིགས་བརྒྱུད་སོ་སོར་དབྱེ་བའི
199b5 མདོར་བཤད་པའི་ལེའུ་སྟེ་ལྔ་པའོ། ། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན
199b6 ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་དུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་ཀུན
199b7 གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཆོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བ་འང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །
199b8 ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ
iiif viewer powered by OpenSeadragon
199a - 200a