e-texts navigator
Collection
Volume
Page
Wylie

197b1 བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།
197b2 དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ་བྱིན་གྱི་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ། །བཏོན་ནས་ཀྱང་ལས་ཀྱི་དབང་གིས་སྣརེལ་གཞི་དང་།
197b3 ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་རེ་རེར་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དེ་བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ
197b4 མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་སྟོན་པའི་ཐུབ་པ་དུས་བཞི་ཀུན་དུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ
197b5 ཀུན་དུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་དུ་གསན་པ་དང་། རྫུ་འཕྲུལ་གྱི་ཆོ་གས་ཀུན་དུ་དོན་སྤྱོད་པ་དང་། ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་།
197b6 ཀུན་དུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཡང་ཕྱོགས
197b7 བཅུར་སྣང་བར་གྱུར་ཏོ། །དེ་ལྟར་སྣང་བར་གྱུར་ནས་ཇི་སྙེད་པའི་ཐུབ་པ་ཆེན་པོ་སྙིང་རྗེའི་གོ་འཕང་ཆེན་པོ་ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་།
197b8 བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །དེ་དག་ཐམས་ཅད




iiif viewer powered by OpenSeadragon

197a - 198a

Texts on this page

J752 - gsang ba'i snying po de kho na nyid nges pa