e-texts navigator
Collection
Volume
Page
Wylie

196a1 བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ེ། །ེ། ཨེ་མ་འོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དང་། དབང་སྒྱུར
196a2 ཡ་ཨེ་ཤེས་དཀྱིལ་འཁོར་ཐུགས་རང་རང་སྣང་བ་ཉིད་ཏིང་ངེ་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི་སྐུ་དང་གསུང་དང་ཐུགས་ཡོན་ཏན་འཕྲིན་ལས་སེལ་མེད་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་མི་ཟད་པར་ལྡན་པ་བརྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི
196a3 གནས་ཉིད་དོ་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི
196a4 རང་བཞིན་གྱི་ཚུལ་རྡོ་རྗེས་བཙུན་མོ་ཆོས་བྱ་བ་མོ་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ོཾ་ཆོས་ཀྱི་ཆོས་ཉིད་ཤེས་བྱའི་དབྱིངས། །ཀུན་ཏུ་བཟང་མོ་བདེ་བའི་ཡུམ། །མ་གཡོས་རང་བཞིན་དཀྱིལ
196a5 འཁོར་ནི། །བདག་ཡིན་བདག་གི་སྤྱོད་ཡུལ་བ། །ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། །ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པད་མའི་གདན་བཏིང་བ། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །རྣམ་པར
196a6 ཐར་པའི་སྒོ་བཞི་ལ། །ཕྱག་རྒྱ་བཞི་དང་ཡང་དག་ལྡན། །དབང་དང་སྐལ་མིན་གསལ་བའི་ཕྱིར། །ནང་དང་ཕྱི་རོལ་ལྕགས་དང་ལྡན། །རྒྱལ་བ་ཡོངས་ཀྱི་སྦས་པ་ཡི། །སུས་ཀྱང་གཏིང་དཔག་དཀའ་བ་དེ། །ཀུན་ཏུ་བཟང་པོ་ཉིད་ཀྱིས
196a7 གཟིགས། །ཤེས་བརྗོད་པས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པའི་ལོངས་སྤྱོད་བདེ་བ་ལ
196a8 མཉམ་པར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད་དོ། །སེམས་ཀྱི་སེམས་ཉིད་བྱེད་པའི་གཙོ། །ཀུན་ཏུ་བཟང་པོ་རྡོ་རྗེ་ཡིད། །ཡེ་ཤེས་དྲུག་གི་རང་བཞིན་ཏེ། །ཤར་ཕྱོགས་མངོན་དགའི་བསམ་ཡས་ན། །ནི་ལ་ལྟ་བུའི་གཏེར་འབྱིན་པ། །




iiif viewer powered by OpenSeadragon

195b - 196b

Texts on this page

J752 - gsang ba'i snying po de kho na nyid nges pa