e-texts navigator
Collection
Volume
Page
Wylie

127b1 མེ་རེག་དྲུག་། དང་བའི་དགའ་བས་ཆགས་པ་དང་། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྤྱོད་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པའི་འཕྲིན་ལས
127b2 བྱིན་གྱིས་བརླབ་པའི་ལེའུ་སྟེ། ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་དུ་རྔམ་པའི་གདངས་ཀྱིས་གླུ་འདི་བླངས་སོ། །ཧཱུ~ཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །
127b3 འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ་ཧཱུ~ཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེམ་རི་རབ་འབུམ་བསྙིལ་སྐད། ། ཨ་ཧ་ལའི་གད་རྒྱངས་ཆེ། །དཔྱུགས་པའི
127b4 འཐོར་རླུང་གཡེང་བ་ཆེ་ཧོཿ་ཧཱུ~ཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་དུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ་ཧཱུ~ཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར
127b5 ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུ~ཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །
127b6 འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །རྡོ་རྗེ་བྲག་སྟེ་སྲ་པ་པོ། །རྡོ་རྗེ་ཆུ་བོ་སྡུད་པ་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ་ཞེས་ཆེད་དུ་གླུ་འདི་བླངས་སོ།། །།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ
127b7 ལ་བསྟོད་པའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་དུ་བརྗོད་དོ། །ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །
127b8 དེ་བཞིན་གཤེགས་པའི་ངོ་བོ་ཉིད། །གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་ཟིན། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམ་ཀུན། །དོན་དུ་མི




iiif viewer powered by OpenSeadragon

127a - 128a

Texts on this page

J750 - dpal gsang ba'i snying po de kho na nyid rnam par nges pa